R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༣
[A:༤༡༣]བོས་མཛད་པ།
ཚར
། སྤྱོད་པའི་གླུ། དེའི་འགྲེལ་པ། ཏིང་ངེ་འཛིན་གྱི་གླུ། རྡོ་རྗེ་གདན་གྱི་གླུ། དེའི་འགྲེལ་པ། མན་ངག་བདུད་རྩི་འཁོར་ལོ་ཕྱག་ན་རྡོ་རྗེས་བསྡུས་པ། དབྱིག་གཉེན་གྱི་མཛད་པའི་སྦྱིན་པའི་གཏམ། པུ་རངས་ཇོ་བོ་ལ་སྤྲིང་ཡིག་སུམ་ཅུ་པ་ཇོ་བོས་མཛད་པ། ༈ ཡང༌། ཇོ་བོ་ཆེན་པོ། དགེ་བཤེས་སྟོན་པ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སྤྱིལ་བུ་བ། ལྷ་འགྲོ་བའི་མགོན་པོ། སྦས་པ་སྟོན་གཞོན། འཇམ་དབྱངས་དོན་གྲུབ་དཔལ། སློབ་དཔོན་བསོད་ནམས་དཔལ། བླ་མ་སངས་རྒྱས་རིན་ཆེན། རིན་པོ་ཆེ་གྲགས་དོན་པ། སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན་ཏེ། བླ་མ་དམ་པ་དེ་རྣམས་ལས་བརྒྱུད་དེ། ཇོ་བོའི་ཆོས་ཆུང་བརྒྱ་རྩའང་ཞུས། ཡང༌། མཁན་པོ་ཤེས་རབ་ནམ་མཁའ་ཡངས་པས་མཛད་པའི་སྐྱེ་རབས་ཀྱང་ཐོབ་བོ།། །། mf: Was Shes rab nam mkha' yangs pa the abbot of chos 'khor sgang???
༄། །རྔོག་པ་རྣམ་གཉིས་ལས་རྔོག་སྐོར་གྱི་ཐོབ་ཡིག་བཞུགས།། Teachings from rngog byang chub dpal བླ་མ་དམར་པའི་རྒྱུད་འཛིན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྔོག་ལུགས་ཀྱི་ཆོས་བཀའ་ཐོབ་པའི་རིམ་པ་ཡང༌། ཐོག་མར ་དཔལ་ཀྱཻའི་རྡོ་རྗེ་ཡབ་བཀའ་དང་ཡུམ་བཀའི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ས་ར་ཧ། ཀླུ་སྒྲུབ། ཌཱ་ཀི་སྐལ་བ་བཟང་མོ། སློབ་དཔོན་ལ་བ་པ། དེ་བཞི་ཀའི་སློབ་མ་ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། དོན་གྲུབ་དཔལ། རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལའོ།། ༈ །དགྱེས་རྡོར་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་