R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༤
[A:༤༡༤]ནས། མདོ་སྡེ་ཡན་རིགས་བྱེ་བྲག་པ་དང་འདྲ། མདོ་སྡེས། རཾ་རྡོ་རྗེ་གྲགས། བཀའ་ལུང་གཉན་སྒོམ། མངའ་རིས་པ་བྱང་ཆུབ་ཚུལ་ཁྲིམས། རྒྱ་ཕོ་བ་ལུང་པ། བླ་མ་རྒྱལ་པོ་དགའ། བླ་མ་སེང་གེ་སྒྲ། ཆོས་ཀྱི་རྒྱལ་མཚན། དོན་གྲུབ་དཔལ། རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ལའོ།། ༈ །གདན་བཞི། ཡུམ་བཀའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཱརྻ་དེ་བ། ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར། མདོ་སྡེ། རྒྱལ་ཚ་ར་ལོ། སྔོ་ཚ་ཆོས་སྐུ། སྔོ་ཚ་དཀོན་མཆོག་དཔལ། དྲན་སྟོན་མཐའ་བྲལ། དྲན་སྟོན་ཤེས་རབ། མན་ལུངས་གུ་རུ། མན་ལུངས་ཀུན་མཁྱེན། འཛམ་གླིང་པ་སངས་རིན། རིག་པ་འཛིན་པ་ཚུལ་མགོན། རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ལའོ།། ༈ །གདན་བཞི་ཡབ་བཀའི་དབང་བརྒྱུད་ནི། མདོ་སྡེ་ཡན་ཡུམ་བཀའ་དང་འདྲ་བ་ལ། དེ་ནས། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། ཆོས་རྒྱལ་བ། དོན་གྲུབ་དཔལ། རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ལའོ།། ༈ །སྒྱུ་མ་ཆེན་པོའི་དབང་བརྒྱུད་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། ནཱ་རོ་པ། མཻ་ཏྲི་པ། ཞི་བ་བཟང་པོ། དེ་གསུམ་གྱི་སློབ་མ་རྗེ་མར་པ། ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། དོན་གྲུབ་དཔལ། རིན་པོ་ཆེ་བྱང་ཆུབ་དཔལ། དེས་བདག་ལའོ། །ཡང༌། ཆོས་རྗེ་བྱང་ཆུབ་དཔལ་གྱིས། ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་བླ་མ་སངས་ཡོན་ལའང་གསན་གདའོ།། ༈ །།འཇམ་དཔལ་གསང་ལྡན་གྱི་དབང་བརྒྱུད་ནི། སངས་རྒྱས་ཤཱཀྱ་ཐུབ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། སུརྻ་སིངྷ༌། དྷརྨྨ་བཛྲ། མུ་དྲ་སིདྡྷི། དེ་ཝེ་ཤྭ་ར། དེས་ཤཱནྟི་གརྦ་དང༌། སྨྲྀ་