R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༩
[A:༤༡༩]ཆོས་རྡོར། དེ་ནས། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། དོན་གྲུབ་དཔལ། ཆོས་རྗེ་བྱང་ཆུབ་དཔལབླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །།སྔགས་དོན་རྣམ་གཟིགས་ཀྱི་ལུང་གི་བརྒྱུད་པ་ནི། སྒེག་རྡོར་ནས། ཆོས་རྒྱལ་བ་ཡན་མཚན་བརྗོད་ཀྱི་བཤད་རྒྱུད་དང་འདྲ་བ་ལ། ཆོས་རྒྱལ་བས། སངས་ཡོན། ཨཱཿཧཱུྃ་བཛྲ་ཆོས་རྗེ་བྱང་ཆུབ་དཔལ། རྔོག་སྟོན་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །ཡང༌། ལུགས་གཅིག་ལ། སྒེག་པའི་རྡོ་རྗེ། སཱུརྻ་སིངྷ༌། མུ་དྲ་སིདྡྷི། རི་བོ་ས་ཧ་སྱའི་ཆོས་ཀྱི་རྡོ་རྗེ། དེ་ཝ་ཤྭ་ར། ཤནྟི་གརྦྷ། སྨྲྀ་ཏི་ཛྙཱ་ན་གརྦྷ། ཚོང་སྡེ་ངག་གི་དབང་ཕྱུག པུ་ཧྲངས་པ་ཤེས་རབ་རྡོ་རྗེ། རྔོག་ཆོས་རྡོར། རྒྱ་འ་མ་ཅན། རྒྱ་ཇོ་སྲས། ཁྲི་སྟོན། མཁན་པོ་གནས་རྙིང་པ། བླ་མ་ཆོས་ཀྱི་འོད་ཟེར། དབུས་པ་སངས་འབུམ། ལོ་ཙཱ་བ་མཆོག་ལྡན། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཨཱཿཧཱུྃ་བཛྲ། ཆོས་རྗེ་བྱང་ཆུབ་དཔལ། བླ་མ་དོན་གྲུབ་པ། དེས་བདག་ལའོ།། ༈ །།སྒྲུབ་ཐབས་གསང་ལྡན་གྱི་བརྒྱུད་པ་ནི། སྒེག་རྡོར་ནས་ཆོས་རྒྱལ་བའི་བར་དབང་བརྒྱུད་དང་འདྲ་བ་ལ། ཆོས་རྒྱལ་བས། བླ་མ་སངས་ཡོན། ཆོས་རྗེ་བྱང་ཆུབ་དཔལ། བླ་མ་དོན་གྲུབ་པ། དེས་བདག་ལའོ།། །།རིམ་གཉིས་ཀྱི་སྦྱིན་སྲེག མཚན་བརྗོད་བཀླག་པའི་སྒོམ་ཁོག ཚ་ཚའི་ཡིག་ཆུང༌། དགེ་བསྙེན་མ་སྙན་གྲགས་དགེ་མ་དང༌། དགེ་བསྙེན་མ་གྲགས་སྦྱིན་མ་དང༌། སློབ་དཔོན་མྱ་ངན་མེད་པའི་དཔལ་གསུམ་གྱི་མཛད་པའི་སྒྲུབ་ཐབས་དང་བཅས་པ་རྣམས་ཀྱི་བརྒྱུད་པ་ནི། མཛད་པ་པོ་རང་ནས་མར་བའི་བར་དུ་བརྒྱུད་དེ། དེ་ནས་ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་