R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༠
[A:༤༢༠]བཟང་པོ་ཆོས་རྒྱལ་བ། དོན་གྲུབ་དཔལ་ཆོས་རྗེ་བྱང་ཆུབ་དཔལ། རིན་པོ་ཆེ་དོན་གྲུབ་པ། དེས་བདག་ལའོ།། ༈ །གསང་ལྡན་གྱི་ཊཱི་ཀ་ཞེ་སྡང་རྡོ་རྗེས་མཛད་པའི་ལུང་ཡང་ཞུས་ཏེ་བླ་མས། རིན་པོ་ཆེ་པ་ལ་གསན། དེ་ཡན་དབང་བརྒྱུད་བཞིན་ནོ། ༈ །སམྤུ་ཊའི་འགྲེལ་པ། ཨ་སང་ཀཱིརྟིས་མཛད་པ་དོན་གསལ་སྒྲོན་མེ་ཞེས་བྱ་བ་ཐོབ་ཅིང༌། ཞེ་སྡང་རྡོ་རྗེས་མཛད་པའི་དོན་གསལ་ཡང་དེས་ཐོབ་པར་བཞེད་དོ། །དེ་དག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་ཀ་མ་ལ་ཨངྐི་ལ། ནག་པོ་སྤྱོད་པ། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། བལ་པོ་སྤྱི་ཐེར་བ། རྭ་རྡོ་རྗེ་གྲགས། བླ་མ་མདོ་སྡེ། ཀུན་དགའ། གཟི་བརྗིད་གྲགས། རིན་ཆེན་བཟང་པོ། ཆོས་རྒྱལ་བ། བླ་མ་སངས་ཡོན་པ། ཆོས་རྗེ་བྱང་ཆུབ་དཔལ། བླ་མ་བསོད་ནམས་དོན་གྲུབ་པ། དེས་བདག་ལའོ།། ༈ །།རྔོག་ལུགས་ཀྱི་ནཱ་རོ་ཆོས་དྲུག་ཆ་ལག་དང་བཅས་པ་ཚང་བར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ས་ར་ཧ། ཀླུ་སྒྲུབ། ལ་བ་པ། མཁའ་འགྲོ་མ་ཀུན་ཏུ་བཟང་མོ། དེའི་སློབ་མ་ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར་ནས། བྱང་ཆུབ་དཔལ་བའི་བར་རྔོག་བརྒྱད། དེས་ནས་བླ་མ་བསོད་ནམས་དོན་གྲུབ་པ། དེས་བདག་ལའོ།། ༈ །ཡང༌། ཆོས་རྒྱལ་བས། བླ་མ་སངས་ཡོན། ཨཱཿཧཱུྃ་བཛྲ། བླ་མ་དོན་གྲུབ་པ། དེས་བདག་ལའོ། །ཡང་རིན་ཆེན་བཟང་པོས། མཁན་ཆེན་གཞོན་རིན་པ། ཨཱཿཧཱུྃ་བཛྲ་ནས་སྔར་བཞིན་ནོ།། ༈ །སྒྱུ་མ་ཆེན་མོའི་དབྱིབས། རྣལ་འབྱོར་གསུམ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ཀུ་ཀུ་རི་པ། བུདྡྷ་བ་ཆོས་ཀྱི་བཟང་པོ། ཞི་བ་བཟང་པོ། དེ་གསུམ་ལ་མར་པས་ཞུས། དེ་ནས་ཆོས་རྡོར་ནས། ཆོས་ཀྱི་རྒྱལ་མཚན་གྱི་བར་རྔོག་དྲུག སངས་ཡོན་པ། ཨཱཿཧཱུྃ་བཛྲ། བླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །མཻ་ཏྲི་པའི་