R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༩
[A:༤༣༩]འདས་རྗེས་གསུམ་དང་དོན་ཁྲིད་བཅད་པ་སྟེ། །དུམ་བུ་ཉི་ཤུ་གསུམ་གྱིས་བཏགས་གྲོལ་མ་བུ་ཚང༌། །ཞེས་དང༌། དབང་དང་ལག་ལེན་བདག་གི་མ་བུ་ནི། །རིགས་ལྔ་ཕྱི་ནང་གཉིས་ཀྱི་སྒྲུབ་པ་དང༌། །སྤྲོས་བཅས་བུམ་དབང་གསུམ་པའི་ལག་ལེན་དང༌། །དབང་གསུམ་ས་བཅད་ཌཱ་ཀིའི་མངོན་རྟོགས་དང༌། །དབང་གི་རྒྱབ་ཡིག་ཁྱད་པར་དབང་ལྔ་དང༌། །མཆོད་འབུམ་ལས་བྱང་གཉིས་ཏེ་མ་བཅུ་ཡིན། །དེ་ཡི་བུ་ནི་དབང་སྒྲུབ་བུམ་སྒྲུབ་དང༌། །དཀྱིལ་འཁོར་རྣམ་དབང་ཚོགས་མཆོད་གཏོར་མ་དང༌། །ཌཱ་ཀིའི་ཚོགས་མཆོད་དབང་གསུམ་ཐོ་ཡིག་དང༌། །གསང་དབང་ཤེས་རབ་དབང་གི་ལྷན་ཐབས་དང༌། །ཌཱ་ཀིའི་སྲོག་ཏིཀ་སྤྱི་གནད་བླ་རྡོ་དང༌། །ནོར་སྒྲུབ་གཏེར་གྱི་བུམ་པ་བཅུ་གསུམ་སྟེ། །དུམ་བུ་ཉེར་གསུམ་དག་གིས་ལག་ལེན་མ་བུ་གྲུབ། །ཅེས་དང༌། ཁྲིད་ཀྱི་མ་བུ་ཉིད་ཀྱི་གྲངས་བརྟན་པ། ཐོད་རྒལ་ལམ་ཁྲིད་ནོར་བུའི་ཕྲེང་བ་དང༌། །དེ་ཡི་ཏི་ཀ་གསལ་བྱེད་སྒྲོན་མ་དང༌། །ཁྲིད་རྒྱབ་ལུང་གི་ཕྲེང་བ་མ་གསུམ་ཡིན། །དེ་ཡི་བུ་ནི་ལག་ཁྲིད་རྟགས་ཚད་དོ། །མ་གསུམ་བུ་གཉིས་ལྔ་ཡིས་ཁྲིད་ཀྱི་ལག་ལེན་གྲུབ། །ཅེས་དང༌། དེ་དག་རྣམས་ཀྱི་རྒྱབ་ཆོས་བསྟན་པ་ནི། སྙིང་ཏིག་ཆེན་མོ་དོན་གསལ་མེ་ལོང་དང༌། །རྣལ་འབྱོར་བཞི་དང་ཞུས་ལན་ཞལ་གདམས་སོ། །དེ་ཡི་བུ་ནི་ངོ་སྤྲོད་ལམ་འབྲས་དང༌། །ཞལ་གདམས་གནད་ཐིགས་རྡོ་རྗེ་ཆུ་འཐུང་དང༌། །མ་ལྔ་བུ་བཞིས་ཁྲིད་ཀྱི་རྒྱབ་ཡིག་ཚང༌། །ཞེས་དང༌། བར་དོ་དག་གི་མ་བུ་བསྟན་པ་ནི། །ཞི་བ་བར་དོ་ཁྲོ་བོ་བར་དོ་གཉིས། །མ་ཡིན་བུ་ནི་ངོ་སྤྲོད་འཆི་ལྟས་ལམ་ཁྱེར་གསུམ། །མ་གཉིས་བུ་གསུམ་དག་གི་བར་དོ་གྲུབ། །ཅེས་དང༌། དེ་ཐམས་ཅད་ཀྱི་མཐར། དེ་བས་མང་ཉུང་བྱུང་ན་གདམས་པ་འཆལ། །དེ་ཡི་ཕྱིར་ན་གསང་བ་ཁ་བྱང་གཅེས། །རྒྱ་རྒྱ་རྒྱ། ཅེས་དང༌། དེ་ནས་ཡང༌། འདིའི་ཆ་ལག་གཏུམ་མོའི་གདམས་པ་དང༌། །རྡོ་བཅུད་བདུད་རྩི་རྡོ་ཡི་བཅུད་ལེན་གཉིས། ལྟོ་གོས་ཞེན་པ་གཅོད་ཕྱིར་དགོས་པ་ཡིན། །ཞེས་གསུང་བ་རྣམས་ནི་ཚང་བར་ཐོབ་ཅིང༌། དེའི་རྗེས་སུ། བཀའ་བསྲུངས་སྲོག་སྒྲུབ་རྒྱུད་དང་གདམས་པ་དང༌། །འགྱུ་དུས་ཐུན་དྲུག་བླ་རྡོ་ཆོ་འཕྲུལ་རྣམས། །བསྟན་པ་བསྲུང་ཕྱིར་དེ་དག་དགོས་པ་ཡིན། །ཞེས་གསུངས་པ་ནི། དཔེ་དངོས་ལ་སྣོད་བརྟགས་པ། འཆི་ལྟས་བརྟག་པ། འཆི་བླུ་ཕྱི་ནང་གསང་གསུམ་རྣམས་དང༌། མུ་སྟེགས་སྲོག་སྒྲུབ་ནག་མོའི་རྒྱུད། ཡོངས་རྫོགས་ཊཱི་ཀ་དྲི་མེད་སྙིང་པོ། མན་ངག་སྙིང་གི་དགོས་པ་རྣམས་སུ་ཅི་རིགས་པར་ཚང་བར་སྣང་སྟེ། དེ་ལྟ་བུའི་ཆོས་སྐོར་རྣམས་ཀྱི་བརྒྱུད་པ་ཡང༌། ཨུ་རྒྱན་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རོང་བན་ཆེན་པོ། རྒྱལ་སྲས་དྲི་མེད་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཆོས་རྗེ་ཤེས་རབ་དཔལ་ལྡན། དེས་བདག་ལའོ།། །།
༄། །སྤྲུལ་སྐུ་ཞྭ་དམར་ཞབས། རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མ་ལྷ་ལྔའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མིད་ལྷ། སྒམ་པོ་པ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ། སྤོམ་བྲག་པ། ཀརྨ་དཔག་ཤི། གཉན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། རྟོགས་ལྡན་མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། སོག་དབོན་དཀའ་བཞི། མཐོང་བ་དོན་ལྡན། བླ་མ་རིན་པོ་ཆེ་དཔལ་འབྱོར་དོན་གྲུབ། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་