R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༨
[A:༤༣༨]བདག་རྣམས་ཀྱི་བསྐང་གསོ་དངོས་གྲུབ་འབྱུང་བའི་གཏེར་ཡང་ཐོབ་ནས། དེ་དག་གི་རྒྱབ་ཡིག་གི་རིམ་པ་ནི་དམ་ཚིག་རབ་འབྱེད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཁྲིད་ཀྱི་རྒྱབ་ཡིག་གནད་འགག་བདུན་པ་བི་མ་ལ་མི་ཏྲས་མཛད་པ། གསང་ལམ་བརྒྱུད་བུ་
ངོས་སྤྲོད་ཀྱི་ལུང་ཡང་ཟེར
། ཆུང་རྟགས་ཀྱི་ཡི་གེ་གསང་བ་བི་མ་ལས་མཛད་པ། རིན་པོ་ཆེ་གསེར་ཡིག་ཅན། པོ་ཏི་སྨུག་ཆུང་དུའང་གྲགས་པ་གཡུ་ཡིག་ཅན། དེའི་བུ་ཡིག་སྟེ། འདི་ན་འཇམ་དཔལ་བཤེས་གཉེན་དང༌། བི་མ་ལ་དང༌། དགའ་རབ་རྡོ་རྗེ་དང༌། ཡེ་ཤེས་མདོས་མཛད་པ་སོགས་མང་དུ་ཡོད། ཟངས་ཡིག་ཅན། དེའི་རྒྱབ་ཡིག་འཕྲ་ཡིག་ཅན་གྱི་དུམ་བུ་གསུམ་པ་ཞེས་པ་དུང་ཡིག་ཅན། དེའི་རྒྱབ་ཡིག་བི་མ་ལས་མཛད་པ། བསྟན་པ་བུ་གཅིག་ཏེ་དེ་ཐམས་ཅད་ཀྱི་བླ་མ་བརྒྱུད་པ་སྔར་བཞིན་ནོ།། ༈ །དེ་ནས་མཁའ་འགྲོ་སྙིང་ཏིག་གི་ཡང་དབང་རྣམས་དང་འཁྲིད་རྫོགས་པར་ཞུས་ནས། ཡིག་ཆའི་རིམ་པ་ནི། ཡེ་ཤེས་མཚོ་རྒྱལ་ཉིད་ཀྱིས་དཀར་ཆག་མཛད་པ། ཡང༌། གསང་ཁྱད་འཕགས་གདམས་སྐོར་དང་པོ་ལ། བཏགས་གྲོལ་རྒྱུད་ཀྱི་མ་བུ་བརྟན་པ་ནི། བཏགས་གྲོལ་དང་ནི་གཅིག་ཤེས་ཀུན་གྲོལ་དང༌། ཡང༌། ཏིའི་རྒྱུད་དང་སངས་རྒྱས་སྲས་གཅིག་དང༌། །རང་བྱུང་རྒྱུད་དང་ཡོངས་རྫོགས་ཆེན་པོའི་རྒྱུད། །རྒྱུད་དྲུག་མ་ཡིན་བུ་ནི་རྣམ་པ་དྲུག །བཏགས་གྲོལ་ཏི་ཀ་གསལ་བྱེད་དོན་སྙིང་དང༌། །ཀུན་གྲོལ་ཏི་ཀ་གསལ་བྱེད་དོན་མེ་ལོང༌། །ཡང་ཏིའི་ཏི་ཀ་གསལ་བྱེད་ཤེས་སྙིང་དང༌། །སྲས་གཅིག་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང༌། །རང་བྱུང་ཏི་ཀ་གསལ་བྱེད་དུང་སྤར་ཁབ། །རྩལ་དབང་ཏི་ཀ་རིག་པའི་སྒྲོན་མ་དང༌། །དེ་ལྟར་མ་དྲུག་བུ་དྲུག་བཏགས་གྲོལ་རྒྱུད་འགྲེལ་རྫོགས། །དེ་ཡི་ཕྲན་ལ་ལོ་རྒྱུས་རྩལ་དབང་དང༌། །རྒྱུད་ཀྱི་བཅང་ཐབས་གཞན་དོན་རྟགས་བསྟན་དང༌། །ཡོན་ཏན་འབྱུང་ཚུལ་ཆེ་བ་བསྟན་པ་དང༌། །