R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༤༡
[A:༤༤༡]པོ། དེས་བདག་ལའོ།། ༈ །མགོན་པོ་བེར་ནག་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་མགོན་པོ། སློབ་དཔོན་ཨརྞ། མལ་གྱོ་བློ་གྲོས་གྲགས། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཀརྨ་དཔག་ཤི། གནམ་ཐོག་པ། གནམ་ཐོག་པ་གཞོན་ནུ་འབུམ། རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེ་ཕྱིན་ཆད་གོང་དང་འདྲ། ༈ །ཙ་རིའི་ཞིང་སྐྱོང་སེང་གདོང་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཀརྨ་དཔག་ཤི། གཉན་རས་སམྦྷ་ལ་ཀྵ། ཆོས་རྗེ་རང་བྱུང་རྡོ་རྗེ། རྟོགས་ལྡན་མགོན་རྒྱལ་བ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། སོག་དབོན་པ་བཀའ་བཞི་བ་རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། གུ་ཤྲཱི་དཔལ་འབྱོར་དོན་གྲུབ། ཆོས་རྗེ་ཉིད། དེས་བདག་ལའོ།། །།
༄། །བོ་དོང་རས་ཆེན་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། ། རྗེས་བཟུང་རྣལ་འབྱོར་པ་ཡི་མཆོག ། དཔེ་བྲལ་བྱིན་བརླབས་མྱུར་སྩོལ་བ། ། དཔལ་འབྱོར་བཟང་པོའི་ཞབས་ལ་འདུད།། དེ་ལྟ་བུའི་བླ་མ་ངེས་པར་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་དེ་ལས་ཤངས་པའི་ཟབ་ཆོས་རྣམས་ཆ་ལག་དང་བཅས་པ་རྫོགས་པར་ཡིད་ཆེས་པའི་གནས་སུ་ཐོབ་པ་ལས། དང་པོར་ནི་གུ་ཆོས་དྲུག་ལ་ཡང་ཐོག་མར་སྨིན་བྱེད་ཀྱི་དབང་ལ། ཁོག་འབུབས་ཀྱི་བཀའ་གཉིས་དང༌། གཞུང་ཤིང་གི་བཀའ་བདུན་ལས། དང་པོ་ལ་རྒྱུད་སྡེ་ལྔའི་དབང་ནི། དབུས་སུ་འཁོར་ལོ་སྡོམ་པ། ཤར་དུ་ཀྱེ་རྡོ་རྗེ། ལྷོར་གསང་བ་འདུས་པ། ནུབ་ཏུ་རྡོ་རྗེ་འཇིགས་བྱེད། བྱང་དུ་མ་ཧཱ་མཱ་ཡཱ་སྟེ་དཀྱིལ་འཁོར་ལྔ་བསྡུས་པར་དབང་བཞི་ཡོངས་སུ་རྫོགས་པ་དང༌། བདེ་མཆོག་གི་དབང་བཞི་ལུས་ལ་བསྐུར་བ་གཉིས། གཞུང་ཤིང་གི་བཀའ་