R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༤༢
[A:༤༤༢]བདུན་ལ་སྤྱིའི་བཀའ་སྒྱུ་ལུས་ཀྱི་དབང་མོ་ཆེ་དང༌། སྒོས་ཀྱི་བཀའ་ཐབས་ལམ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་ཀྱི་བཀའ་སོ་སོར་ཐོབ་ཅིང༌། སོ་སོའི་གྲོལ་ལམ་རྣམས་ཉམས་མྱོང་རྒྱུད་ལ་སྐྱེས་སྐྱེས་སུ་འཁྲིད་ཡིག་ཇི་ལྟ་བར་ཉམས་འཁྲིད་དུ་ཐོབ་ནས། དེ་དག་གི་ཡིག་ཆའི་རིམ་པ་ལ། ཐོག་མར་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་རྒང་པ། སངས་རྒྱས་གཉན་སྟོན་པ། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་རྣམས་ཀྱི་རྣམ་པར་ཐར་པ་སྟེ། བརྒྱུད་པ་རིན་ཆེན་སྣ་བདུན་ཞེས་གྲགས་པ་ལྟ་ན། ནེ་གུ་མའི་རྣམ་ཐར་ཁྱུང་པོའི་རྣམ་ཐར་གྱི་འགོ་ན་ཡོད་པ་དང་བཅས་པའོ། །དེ་ནས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག དེའི་ལམ་དུས་ཀྱི་ཆོ་ག རྒྱུད་སྡེ་ལྔའི་མངོན་རྟོགས་བསྡུས་པ། བདེ་མཆོག་ལྷ་ལྔའི་མཆོད་འཕྲེང༌། བདེ་མཆོག་གི་དབང་བཞི་ལུས་ལ་བསྐུར་བའི་ཆོ་ག ནེ་གུ་ཆོས་དྲུག་གི་གཞུང་ངམ་སྒྱུ་ལུས་ཀྱི་དབང་མོ་ཆེ། ཆོས་དྲུག་གི་འཁྲིད་ཡིག མཁའ་འགྲོ་གནད་ཀྱི་གསང་སྒྲུབ་སོགས་ཆོས་ཚན་བཅུ་གཉིས། བཀའ་རྒྱུད་ཀྱི་ལག་ལེན་ལྷན་ཐབས་སོགས་བརྒྱད་ཅུ་རྒྱ་གཅིག ངག་བྱིན་བརླབས་སོགས་གཉིས། ཕྱག་ཆེན་གའུ་མའི་དབང་སོགས་ཆོས་སྐོར་བཅུ། ལམ་གྱི་སྙིང་པོ་འཆི་མེད་ཡེ་ཤེས་ཆེན་པོའི་མན་ངག་སོགས་བརྒྱད། བིརྺ་པའི་འཆི་མེད་གྲུབ་པའི་འཁྲུལ་འཁོར་ལོ་རྒྱུས་རྩ་འགྲེལ་དང་བཅས་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་ནེ་གུ་མ། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། གྲུབ་ཆེན་སྐྱེར་རྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། གཞོན་ནུ་གྲུབ། ཞང་སྟོན་པ། མཁས་བཙུན་པ། ཉང་སྟོད་བསམ་སྡིངས་ཀྱི་བླ་མ་སྐུ་མཆེད་གསུམ། ཆོས་དཔལ་བ། མུས་ཆེན་པ། བྱམས་མགོན་པ། ཕྱོགས་ལས་རྣམ་རྒྱལ་བ། རས་ཆེན་དཔལ་འབྱོར་