[A:༤༠]འཁོར་ལོ་རྩ་བའི་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན། དེའི་འགྲེལ་པ་བུ་སྟོན་ཁ་ཆེས་མཛད་པ། དཀྱིལ་འཁོར་གྱི་ཆོ་ག་སྤང་རྟོགས་ཀྱི་ཡོན་ཏན་ཀུན་འབྱུང༌། དེའི་ལྷན་ཐབས་ཡོངས་རྫོགས། ས་ཆོག་གི་ཟུར་འདེབས། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་དངོས་གྲུབ་ཀྱི་འདོད་འཇོ། འབྲིང་པོ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མ། བསྡུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རིན་ཆེན་སྙིང་པོ། ལས་བཞིའི་སྦྱིན་སྲེག་གི་ཆོ་ག་འཕྲིན་ལས་ཀུན་འགྲུབ། དེ་ལས་བཏུས་པ་ཞི་བའི་སྦྱིན་བསྲེག སྦྱིན་བསྲེག་གི་ལས་ཆེན་བཅུའི་ཐིག་གི་གསལ་བྱེད། གཤིན་པོ་རྗེས་སུ་བཟུང་བའི་ཆོ་ག་ངན་འགྲོ་རྣམ་འཇོམས། མཆོད་པའི་ཕྲེང་བ་མཆོད་སྤྲིན་བསམ་ཡས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཀླགས་པས་དོན་གྲུབ་རྣམས་ཏེ། དེ་ལྟར་ན། དབང་མདོར་བསྟན་གྱི་འགྲེལ་པ་ནས་འདིའི་བར་ལ་ཡིག་སྣ་བཅུ་གསུམ། དེ་ཐམས་ཅད་ཀྱང༌། མཁྱེན་རབ་ཀྱི་དབང་ཕྱུག་བུ་སྟོན་ཆོས་རྗེས་མཛད་པ་ཡིན་ལ། དབང་བསྐུར་བ་ཞུས་པའི་དུས་དེ་ཉིད་ནས་གཟུང་ནས་ལུང་རྣམས་ཚང་མར་གནང་བས་ན། དེའི་རྒྱུད་པའང་སྔ་མ་ལྟར་རོ། །དུས་འཁོར་སྡོམ་ཆེན་ནི། ཆོས་སྐུ་འོད་ཟེར་ཡན་འདྲ་བ་ལ། དེ་ལ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། ཆོས་རྗེ་ཀུན་མཁྱེན་པ། ཕྱོགས་ལས་རྣམ་རྒྱལ་བ། མངའ་རིས་པ་བརྩོན་འགྲུས་རྒྱལ་མཚན། རིན་པོ་ཆེ་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ་དེས་བདག་ལའོ། །དུས་འཁོར་ཡོངས་རྫོགས། སྡོམ་ཆེན་སྒྱུ་འཕྲུལ་དྲྭ་བ་རིགས་གསུམ། གསང་བ་འདུས་པ་རིགས་དྲུག་སོགས་ཀྱི་མངོན་རྟོགས། བདུད་རྩི་འབུལ་བའི་ཚིགས་བཅད་རྣམས་བརྩོན་རྒྱལ་བས་མཛད་པ། ལས་སོ་སོའི་སྦྱིན་བསྲེག་གི་ཐབ་བརྒྱད་དང༌། ལས་ཐམས་ཅད་པའི་སྦྱིན་བསྲེག་གི་ཐབ་བྲི་བའི་མན་ངག་ཕྱོགས་རྒྱལ་བས་མཛད་པ་རྣམས་དང༌། ཡང༌། ཆོས་རྗེ་བླ་མས་མཛད་