R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༩
[A:༦༩]བྱེད། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་ཌ་ཀི་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཁ་ཆེ་སྦས་པའི་དཔལ། པད་མ་བཛྲ། སུ་མ་ཏི་ཀིརྟི། མལ་གྱོ་བློ་གྲོས་གྲགས། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་ཆེན་རྒྱལ་མཚན་ནོ། །ཡང༌། ས་ཆེན་པ། རྟ་སྟགས་སོ་ཆེན་པོ། གན་པ་ཡོན་ཏན་དར། པྲཛྙཱ་མ་ཏི། ཆོས་རྒྱལ། ཆོས་རིན། གན་པ་རིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་རྭ་ལུགས་ཀྱི་དབང་གི་བརྒྱུད་སྲོལ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པད་མ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། བླ་མ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ བླ་མ་ཀློག་ཀྱ་བ་དབང་ཕྱུག་གྲགས། བླ་མ་ལྡོང་སྟོན། ཆོས་རྒྱལ་འཕགས་པ། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཡིག་ཆའི་བསྐོར་ལ། རྟོག་པ་བདུན་པའི་རྒྱུད་རྭ་ལོའི་འགྱུར། རྟོག་པ་གསུམ་པའི་རྒྱུད་རོང་ཟོམ་གྱི་འགྱུར། རྟོག་པ་གཅིག་པ་ཞེས་བྱ་བ་གཏམ་རྒྱུད་ཀྱི་རྟོག་པ། རྟོག་བདུན་གྱི་དཀའ་འགྲེལ་དང༌། རྭ་པའི་ཆོས་བརྒྱད། རྟོག་བདུན་གྱི་ཚིག་དོན་རྣམ་བཤད། མན་ངག་གནད་བདུན་བཤད་པ། བསྙེན་སྒྲུབ་ལས་གཤིན་སྦྲེལ་མ། རྭ་ལོས་མཛད་པའི་འཁོར་ལོའི་ཆོ་ག་གསལ་བྱེད།
འདི་རྟག
བསྲུང་བཟློག་གསད་གསུམ་གྱི་མན་ངག ཤོག་དྲིལ་གསུམ་གྱི་མན་ངག སྔགས་བཟླས་དང༌། འཁོར་ཚུལ་གྱི་མན་ངག དྲག་པོའི་སྦྱིན་སྲེག ཞི་བའི་སྦྱིན་