R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༤
[A:༧༤]བུ་སྟོན་པས་མཛད་ཅིང༌། དབང་གི་ཆོ་ག་ལོ་ཙཱ་བ་རིན་རྣམ་པས་མཛད་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། ཁ་སརྤ་ཎི། རྡོ་རྗེ་ཕག་མོ། པཎྜི་ཏ་བི་ལ་ཤྲཱི། བི་བྷ་བ་བི་མ་ཤྲཱི། སུ་མ་ན་ཤྲཱི། རིན་ཆེན་འབྱུང་གནས་དཔལ། འཆི་མེད་བཟང་པོ། ཕ་ལ་ཤྲཱི། དེའི་སྲས་སུ་མ་ན་ཤྲཱི། བུ་སྟོན་ཆོས་ཀྱི་རྗེ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་
ཀླུ་སྒྲུབ་ལུགས
། ལྷ་སུམ་ཅུ་སོ་བདུན་གྱི་དབང༌། ཕྱག་མཚན་གྱི་རྗེས་གནང༌། ཡིག་ཆ་རྣམས་ཀྱི་ལུང་དང་བཅས་པ་ཞུས་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། སློབ་དཔོན་ཙནྟྲ་གོ་མི། རྒྱལ་པོ་ཙནྟྲ་ཕ་ལ། པཎྜི་ཏ་ལ་ལི་ཏ་སེ་ན། པཎྜི་ཏ་རཏྣེ་ཤྭ་ར། ཇོ་བོ་རྗེ། ཡོལ་ཆོས་དབང༌། བཤེས་གཉེན་སྒྲོལ།
སྒྲོས་ཟེར
། རྗེ་ལུང་པ། ཤར་གླིང་པ། ཕོ་བ་ལུང་པ། སྙེ་མདོ་བ་ཐམས་ཅད་མཁྱེན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། བླ་མ་ཤཱཀྱ་སེང་གེ མཁན་ཆེན་གྲགས་ཚུལ་བ། ཀུན་མཁྱེན་ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། སྤྱན་རས་གཟིགས། ནཱ་གརྫུ་ན། ཙནྟྲ་ཀཱིརྟི། བི་རྒྱ་ཀོ་ཀི་ལ། ཨ་བ་དྷུ་ཏི་པ། མ་ཧཱ་ཀུ་ས་ལི། ཨལྤ་ཀུ་ས་ལི། སུ་བརྞ་དྭཱི་པ་དྷརྨཱ་ཀཱིརྟི། དི་པཾ་ཀ་ར་ནས་སྔར་བཞིན་ནོ། ༈ །ཡང༌། བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྐོར་ལ། དཔལ་མོས་མཛད་པའི་སྒྲུབ་ཐབས་ལི་ཁ་ར་ཤིང་འཕེལ་དུ་མཛད་པའི་པོ་བསྟོད། ས་གསུམ་གྱི་བསྟོད་པ། སྨྱུང་གནས་ཀྱི་ལག་ལེན་བླ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ཀྱིས་མཛད་པ་རྣམས་ཀྱི་བཀའ་ལུང་ཞུས་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། དཔལ་མོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཛེ་ཏ་རི། ཇོ་བོ་རྗེ། ཡོལ་ཆོས་དབང༌། ལྷ་རྗེ་རོང་བསྒོམ། དམར་སྒོམ་བྱང་བརྩོན། སྐྱེར་སྒང་པ། སངས་རྒྱས་སྒོམ་