[A:༧༧]གཟུངས་དང༌། ས་བཅུ་པའི་གཟུངས་ཀྱི་ལུང་ཡང་ཐོབ་བོ། ༈ །ཡང༌། བ་རི་ལོ་ཙཱ་བ། གྲང་ལུང་པ། ཀྱེ་མ་གྲགས་ཚུལ། སྣར་ཐང་པའི་དོན་ཞགས་པ། ཀྱི་སྟོན་སྨོན་ལམ་ཚུལ་ཁྲིམས། ཀྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཆེན་པོ། ཆོས་རྗེ་བྱང་སེང་པ། རིན་པོ་ཆེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བ་རི་བ། ལྷོ་པ་རྒྱལ་བའི་སྲས། མཁན་ཐང་པ། གུས་ཕག་མོ་ལུང་པ། དེ་གསུམ་ལ་གྲུབ་ཐོབ་ཉིང་ཕུག་པས་ཞུས། ཡང༌། འཕགས་པ། བྱང་སེམས་དྷ། ཤྲཱི་དྷ་ན། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉིང་ཕུག་པ། གྲང་ལུང་པ། མངའ་རིས་བདེ་མཛེས། རིན་ཆེན་རྒྱལ་མཚན་དཔལ། མཁན་ཆེན་རྒྱལ་གྲུབ། འཛིམས་པ་རྒྱལ་མཚན་དཔལ། ཆོས་རྗེ་གྲགས་པ་དཔལ། མ་ཏི་པཎ་ཆེན། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གྲང་ལུང་པ། བླ་ཆེན་འཆིབས་སྟོན། བསོད་ནམས་ཡེ་ཤེས། བཀའ་བཞི་པ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ས་པཎ། བཅོམ་ལྡན་རལ་གྲི། བག་སྟོན་གཞོན་ཚུལ། རྟག་སྟོན་གཞོན་ནུ་དཔལ། བླ་མ་ཤེས་རབ་མགོན། བླ་མ་ངག་དབང༌། བྱང་སེང་པ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བ་རི་བས་བསྒྱུར་བའང་ཞུས་སོ། །ཡང༌། གཟུངས་སྒྲུབ་རིན་པོ་ཆེ་བསོད་བཟང་པས་མཛད་པ། སྒོ་མཐའ་ཡས་པའི་གཟུངས། ས་བཅུའི་གཟུངས། ཕར་ཕྱིན་དྲུག་གི་གཟུངས་རྣམས་ཀྱང་ཞུས་སོ། །ཡང༌། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་སྐོར་ཆོས་བདུན་དུ་བྱེད་པར་གྲགས་པ་ཐོས་པ་ལ། རྗེས་གནང་གི་ཡི་གེ་སློབ་དཔོན་ཡེ་ཤེས་སེང་གེ་སྐྱེར་སྒང་པས། དབོན་གྱི་ཕྱག་ལེན་ལ་ཡི་གེར་བཀོད་པ། གཙོ་འཁོར་སྒྲུབ་ཐབས་གཉིས། རྫོགས་རིམ་ཡན་ལག་དྲུག་དང་བཅས་པ། ཚོགས་འཁོར། གཟུངས་ཆུ་བྱ་ཐབས། བསྲུང་བསྐུད་བྱ་ཐབས། སྙིང་རྗེའི་བསྲུང་བ། དྲག་པོའི་བསྲུང་བ། གཏོར་མ་བརྒྱ་རྩའི་སྐོར། སྐུ་བླུད་སྦྱང་བའི་ཕྱིར་བྲུལ་གཏོར་བྱ་བ། སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱང་བ། ཚྭ་ཚྭ་གདབ་ཐབས། ཆུ་སྦྱིན། སྦྱིན་བསྲེག་བྱ་བ། བ་རུ་ཎའི་གཏོར་མ། གཙོ་འཁོར་གསུམ་གྱི་བསྟོད་པ། རིགས་གཏད་ཀྱི་ཆོ་གའི་ཡི་གེ་རྣམས་ཞུས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། བློ་གྲོས་རིན་ཆེན། ཨ་ལ་ལ་བཛྲ། ཀ་ད་ཡ་ན་བཛྲ། རྭ་ཧུ་ལ་བཛྲ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ། རོང་པ་ཕྱག་སོར་བ། མངའ་རིས་པ་ཤེས་རབ་རྒྱལ་མཚན། བཤེས་གཉེན་བ་ཡུལ་བ་དེ་གཉིས་ཀ་ལ་གཅེར་སྒོམ། དེ་ལ་སྐྱེར་སྒང་པ་དར་མ་སེང་གེ སློབ་དཔོན་སམ། སློབ་དཔོན་བཀྲ་ཤིས་བསོད་ནམས། མཁན་པོ་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ། མཁན་ཆེན་བསོད་གྲགས་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། །།ཡང༌། ཞི་བའི་སྒོ་ནས་ཆར་འབེབས་པའི་གདམས་པ་ས་སྐྱ་པའི་ལུགས་ཆོས་རྗེ་འབའ་རྭ་བ་ལས་བརྒྱུད་པ་ཅིག་ཀྱང་ཐོབ་བོ།། ༈ །།འཇམ་དཔལ་བསྐོར།། ཡང༌། རྗེ་བཙུན་འཇམ་དཔའི་དབྱངས་ཀྱི་སྐོར་ལ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་བསྐུར་བ་ཞུས་ནས། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བའི་སྒྲོན་མ་རྗེ་བཙུན་ཆེན་པོས་མཛད་པ་དང༌། ལྷ་ལྔའི་སྒྲུབ་ཐབས་ཆོས་རྗེ་