[A:146]ཏིག་བྱི་རུ་སྤོས་ཤེས་སྒམ་དོ་ངེད་ཡོད་སར་ཁྱེར་བྱུང་ནས། འདི་དག་ལ་གཟིགས་གཤེགས་རྫོངས་སོགས་གང་བབ་ཀྱི་བཀའ་ཞལ་གནང་བ་ཞུ་ཟེར་བ་ལ། ང་མིག་ཀྱང་མི་བལྟ། ང་ལ་ནི་ཞེ་ནས་ས་རྡོ་དང་ཁྱད་མེད། སྔར་སྲོལ་མི་འདུག་ཀྱང། ཨ་མའི་སྐྱེ་ས་གུ་གེ་ཡིན་པས་ཐོག་མའི་བློ་མཆོད་ཀྱི་འབྲེལ་སྟབས་བཀྲ་ཤིས་ལྷུན་པོར་མང་ཇ་ཅིག་བསྐོལ། ང་ལ་ཨ་མའི་དྲན་སོར་དབུ་སྐྲ་སྒམ་ན་འདུག་ཟེར་བ་དེ་རྣམས་བཀུར། གཞན་ཁྱེད་རང་ཚོ་གྲོས་གྱིས་ལ་རྗེས་ན་ཡོད་པ་ལ་གཏམ་མི་ངན་ཅིང། ཡུམ་རིན་པོ་ཆེའི་སྐུ་ཡོགས་མི་ཡོང་བའི་དགོངས་རྫོགས་ཅི་འགྲུབ་པ་གྱིས་བྱས་ནས། དངོས་པོ་བཟང་ངན་སྣ་ཅིག་ལ་ཡང་མཐོང་ཐོས་རེག་གསུམ་གྱི་དྲི་མས་མ་གོས་པའི་དཔང་དྲི་མེད་གཟིགས་པའི་སྤྱན་ལྡན་རྣམས་དང། དེ་དུས་ཀྱི་དགྲ་གཉེན་གྲོགས་གསུམ་ཐམས་ཅད་ལ་གསལ་མེར་ཡོད། དེ་ལྟར་དགུང་ཞག་མ་རྫོགས་བར་ཁོང་རྣམ་པས་ཀྱང་ངེད་བསམ་པའི་དགོངས་རྫོགས་རང་ངོ་བོ་ཤིན་ཏུ་སྙིང་ནོན་ས་བསྒྲུབས་ཤིང། སྐུ་གདུང་དྲུང་དུ། དྲུང་པ་ཆོས་རྗེ་པའི་ཕྱག་ཚར་གྱི་ཞལ་སློབ་གཅིག་པུ་པ་དགེ་སློང་ཀུན་དགའ་མཆོག་ལྡན་པས་གཙོ་མཛད་བཞི་སྡེ་ལ་བསྙེན་བསྐུར་འབུལ་བ་ཐམས་ཅད་དང་རང་གིས་བྱས། ལོ་མཆོད་དུས་ངེད་བྱང་བཀྲ་དུམ་དུ་ཚ་རོང་ཆོས་རྗེས་དབུས་གཙང་འཁོར་ནས་འབོད་མི་རྐང་གཙུགས་གནང། དཔོན་སློབ་མཐར་རྒྱས། བྱང་དགོན་ཐ་དད་ནས་འདུས་པའི་ཚོགས་སྔར་གྱི་ལམ་འབྲས་དུས་ཀྱི་མི་གྲངས་གཉིས་སྡོམས་པ་ཙམ་ལ་ལམ་འབྲས་རྗེས་མ་དེ་འཆད་ཀྱི་ཡོད་པས་དེར་བཞུགས་ཀྱི་ཚོགས་པ་ཐམས་ཅད་ལ་མར་ཁུ་བྲེ་འགྱེད་ཀྱིས་མཚོན་པའི་བསྙེན་བསྐུར། ཆོས་རྗེ་རྣམ་པ་ལ་བསྔོ་རྟེན་གསེར་ཞོ་རེ་རེ། ཚོགས་པ་བྱིན་ལ་