R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༡༧
[A:༥༡༧]པོ་ལ་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཆོས་སྐོར་གསན་པ་གཙོ་བོར་གྱུར་པའི་བདེ་མཆོག །གཤེད་དམར། ཕུར་པ། སྒྲོལ་དཀར་སོགས་ཡི་དམ་གྱི་ལྷ་རྣམས་ཀྱི་བསྙེན་སྒྲུབ་དང་མཁའ་འགྲོ་ལྔའི་མཆོད་གཏོར་གྱི་མཚོན་ཐུགས་དམ་ཤིན་ཏུ་སྨིན། སྐུ་ཚེའི་སྨད་ལ་ཚར་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་ཞིང་དགུང་ལོ་དོན་གཉིས་པའི་ཚེ་ཚར་ཆེན་རྡོ་རྗེ་འཆང་སྤྱན་དྲངས་པ་སྔས་མགོར་བླ་མ་འདི་ལྟ་བུ་ཕེབས་ནས་འཆི་བ་སྐལ་བ་བཟང་ཚུལ་སོགས་དགྱེས་དགྱེས་དང་བར་དོར་ཡང་ཧཱུཾ་སྒྲ་དིར་དིར་འགྲོ་གསུང༌། གཤེགས་ནས་དབུ་ཐོད་སོར་བཞི་ཙམ་འཕགས་ཤིང་མེ་ཏོག་གི་ཆར་གྱིས་མཚོན་ལྟས་ཡ་མཚན་གཤིས་རྟོག་གེ་པ་རྒན་པོ་འགའི་ང་རྒྱལ་ཆག་པ་སོགས་ལ་དཔགས་ན་གཅེན་དུ་མ་ཟད་འདི་ཉིད་ལའང་དིང་སང་གི་ཆོས་པ་བཟང་པོར་རྩི་བ་རྣམས་ཀྱིས་བསྒྲུན་དཀའ་བར་མཆིས། མཆེད་གཉིས་ཀྱི་ཇོ་མོར་སེ་སྟོན་དཔལ་ཆེན་འབུམ་དང་མཐུ་ཆེན་ཉི་མ་བཟང་པོ་སོགས་ཡང་ཕུར་གཤིན་རྗེས་གཙོས་ལྷའི་སྣང་བ་ཐོབ་ཅིང་ཆོས་སྐྱོང་བྲན་དུ་འཁོལ་བའི་རིགས་བརྒྱུད་རྗེ་བཙུན་ས་སྐྱ་པའི་དཔོན་པོར་གྱུར་པ་འདར་ཆོས་རྫོང་པ་དོན་ཡོད་རྣམ་རྒྱལ་གྱི་སྲས་མོ་ཚེ་བརྟན་བུ་འདྲེན་ཞེས་བདག་ཆེན་རྡོ་རྗེ་འཆང༌། རྗེ་སྒོ་རུམ་པས་མཚོན་དམ་པ་དུ་མའི་ཞབས་པད་བསྟེན་ཅིང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་འཁྲུལ་ཞྀག་ཀུན་དགའ་ཆོས་ལྡན་ལ་གདམས་པའི་ཉིང་ཁུ་ནོས་ནས་མགོན་པོའི་ཡིག་བདུན་མ་ས་ཡ་གསུམ་དང་ནཱ་རོ་མཁའ་སྤྱོད་ཀྱི་ཆག་མེད་མཛད་པས་མནལ་ལམ་དུ་རྗེ་བཙུན་ཞལ་གཉིས་མ་གསེར་གྱི་མདོག་ལྡན་གཟིགས་ཤིང་ཕག་སྐད་ངུར་སྒྲས་ཁེངས་པ་སོགས་གྲུབ་པའི་མཚན་མ་བརྙེས་པ་བུད་མེད་ཕལ་