R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༡༠༥
[A:༡༠༥]རྒྱལ། བླ་མ་རྣམ་རྒྱལ་བཀྲ་ཤིས། ཐེག་མཆོག་གླིང་པ་དགེ་སློང་འཇམ་དབྱངས་སོགས་ཆོས་འཆད་པ། དཔལ་འཁོར་ཆོས་སྡེ་ནས། ལྷ་བོ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། གསེར་བཀང་སློབ་དཔོན་དགའ་བདེ་ནས། ཆོས་འཁོར་སློབ་དཔོན་མཁས་མཆོག་བསྟན་པའི་སྒྲོན་མེ། རིན་ལྡིང་སློབ་དཔོན་ཀུན་དགའ་བྱམས་པ་དང་རིན་ཆེན་བཟང་པོ། །བྱམས་ཆེན་སློབ་དཔོན། གུར་པ་སློབ་དཔོན་རྣམས་དང༌། གཞན་ཡང་དགའ་ལྡན་གསུང་རབ་གླིང་སློབ་དཔོན་གནས་ལྔ་རིག་པ་གུང་ཐང་པ་བཤེས་གཉེན་རྣམ་རྒྱལ། སྐྱེད་ཚལ་འོག་མཁན་པོ་ཁྱུང༌། འཛམ་གླིང་ཆོས་འཁོར་གྱི་བླ་མ། འབའ་ར་སྤྲུལ་སྐུ། གཡུ་མཚོ་སྐུ་སྐྱེ། དབྱེ་ཁང་བླ་མ་མངའ་བདག་པ། འདར་པ་རྗེ་དྲུང་བློ་གསལ་བསྟན་འཛིན། སྙེ་མོ་རུའི་མཁན་པོ་རྒྱལ་མ་བ། ཁྲོ་ཕུ་དུས་ཞབས་པ། རྒྱལ་བྱེད་ཚལ་བཤད་གྲའི་བླ་མ། ལྷོ་སྟོད་པ་དབྱངས་ཅན་སྤོབས་པ་བཟང་པོ། །མངའ་རིས་ཕྱག་རྡོར་བ། དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ། དཔལ་གྲོང་སྔགས་རམས་པ། དཔོན་ཚང་དར་མོ་པ། དྲུང་ཡིག་འཇམ་དབྱངས་བསྟན་འཛིན། འབྲས་སྤུངས་བསམ་བློ་རབ་འབྱམས་པ་སྦྱིན་པ། དགེ་སློང་བཀྲ་ཤིས་དོན་གྲུབ། མ་ཎི་བ་རིན་ཆེན་དགའ་ལྡན་སོགས་ཆེས་མང༌། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གཟིམས་ཆུང་དང་སྦྲགས་པའི་རི་ཕུག་གི་ཐད་ཁ་ཆོས་ཁྲི་ལ་གསེར་གྱི་རྒྱ་ཕིབས་དགོས་ཚུལ་ཕེབས་ནན་བཞིན་རྒྱུག་མཐོ་བཅོ་བརྒྱད་ཀྱི་ཁྱོན་ཚད་གྲུབ་པར་ཉེ་སྐབས་དང༌། སྡོམ་གསུམ་དུ། སོ་སོར་ཐར་པའི་བསྟན་པ་ནི། །ནུབ་ཀྱང་གཟུགས་