[A:༢༡]ཆབས་ཅིག་པར་རྡོ་རྗེ་ནག་པོ་ཆེན་པོའི་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཉམས་འཁྲིད་ཟབ་མོ་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་ཤིང་རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན་སོགས་འཁྲིད་གཞུང་དངོས་བསྟན་གྱི་ཡིག་ནག་ཐུག་ཕྲད་དུ་འཇོག་པ་ཚོ་དང་མི་འདྲ་བའི་སྙིང་ཁྲག་གི་ཟུངས་ལྟ་བུའི་ཞལ་ཤེས་ཀྱིས་བརྒྱན་པ་སྨིན་རྒྱས། རྒྱལ་ཆེན་རྣམ་མང་ཐོས་སྲས་ལྔ་ཕྲག་ལྔའི་རྗེས་གནང་གང་རྙེད་ཀྱི་ལས་ཚོགས་ལུང་སོགས་གསན། རིང་པོར་མ་ལོན་པར་ངོར་ནས་མཁས་གྲུབ་ཆེན་པོ་དཔལ་ལྡན་དོན་གྲུབ་ཕེབས་པར་མགོན་ཆེན་གྱི་གསང་འཁྲིད་ལའང་ཐུན་མོང་བ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ནས་བརྒྱུད་པ་དང༌། ཐུན་མོང་མ་ཡིན་པ་གདུང་བརྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པ་གཉིས་ལས་ཕྱི་མའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཟབ་འཁྲིད་གཞན་ཡང་གདུགས་དཀར་ཞེ་གཉིས་མའི་དབང་སོགས་ཞུ་བ་མཛད་པ་དང་ལྷན་ཅིག་པར་རྗེ་འདི་ཉིད་དང་གླང་ཕུ་ཆོས་རྗེ་གཉིས་ཀྱིས་ཀྱང་གསན། སྟོན་རྡོ་རྗེ་འཆང་གླང་ཕུར་གདན་དྲངས་པའི་ཞབས་འབྲིང་དུ་ཕེབས། གླང་ཕུ་ནས་སྦྱིན་བདག་ཞུས་པའི་བྱང་གཏེར་གྱི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་སྒྲུབ་ཆེན་ལ་བརྟེན་ནས་སྐྱེ་བདུན་རིལ་སྒྲུབ་ཀྱི་ཚེ་གཟུངས་ཐག་རྡོ་རྗེ་སློབ་དཔོན་ཆེན་པོ་དང༌། གླང་ཕུ་ཆོས་རྗེ། རྗེ་ཉིད། དཀའ་བཅུ་པ་གྲགས་པ་བཀྲ་ཤིས་བཞིས་འཛིན་པའི་ཐུན་དཔོན་མཛད་ནས་ཡི་གེ་བཅུ་མ་དང་དྲུག་མ་གསུང་མི་ཆད་དུ་འཛབ་ཁོར་ཡུག་གི་ངང་དངོས་གཞི་གྲོལ་ནས་སྐྱ་སེར་རྣམས་ལ་སྒྲུབ་དབང་དང་རིལ་བུ་བཀྱེ་བ་སོགས་ཀྱི་ཕྱག་གཡོག་གནང་བས་སྐལ་པ་བཟང་དགོངས་པའི་དགྱེས་རྩེར་སོན། དེ་ནས་གླང་ཕུའི་