R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༥༨
[A:༥༨]གི་གསོལ་མར་དང་བཞུགས་ཤིང་ཕུལ། མེ་ཕག་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བསྟན་པའི་བདག་པོ་ཇོ་ཤཱཀ་རྣམ་གཉིས། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་སོགས་རྟེན་རྣམས་ཞིབ་མཇལ་ངོས་བསྟན་འགྲོའི་ལེགས་ཚོགས་སྤེལ་བའི་སྨོན་ལམ་རྒྱ་ཆེར་མཛད། རིམ་གྱིས་ཞབས་སྐོར་བཙུགས། ས་བྱི་ཧོར་ཟླ་དང་པོ་ཉིས་བརྩེགས་ཀྱི་སྔ་མར་ཆོ་འཕྲུལ་མཆོད་པའི་སྨོན་ལམ་ཆེན་མོ་ཚུགས་པའི་ངེད་འབྲས་སྤུངས་ནས་ཚོགས་དབུར་ལྷ་སར་སླེབས། ཆུ་རྟ་ཚོང་འདུས་ལྕང་ར་སྟོད་དུ་ཞ་ལུ་པའི་ཆེན་སློབ་རྣམས་ཕྲད་པར་བྱུང་བ་དེ་དུས་གྲལ་འགོ་མ་དེས་སྐྱེས་བུ་དམ་པ་དང་མཇལ་བ་ནི་དཀོན་པས་བླ་མའི་རྣལ་འབྱོར་ཞིག་བཀའ་དྲིན་སྐྱོང་དགོས་ཞེས་ངོས་ཀྱི་རྒྱུ་མཚན་བྱུང་བ་ལྟར་འཕྲལ་དུ་ཕུལ་གསུང་འཕྲོས་མཛད་མཁན་དེ་རྗེ་བླ་མ་ཡིན་པར་སྣང༌། དེ་སྐབས་སྒེར་དུ་ཞལ་འཚོ་བ་མེད། དེ་སྐབས་ངོས་ཕྲད་ཀྱི་ཐུགས་རེ་བསྐྱུངས་ནའང་ཁེ་གསུམ་ནས་ལྕམ་ཡུམ་སྲས་བྱོན་པ་འགྲིག་པའི་བཞུགས་མཚེར་གཅིག་པ་གདོང་དགའ་བ་དང་བདེ་རྒྱས་པ་གཉེན་ལམ་དུ་སོང་བའི་གདོང་དགའ་ནས་གཞོན་པས་བན་རྩའི་སྣེ་སྦྱོར་ཡོད་ཚུལ་ཞུས་འདུག་པ་བཞིན་འདིར་རྒྱུ་མཚན་གླིང་བར་བརྟེན་དགོངས་མོའི་སྨོན་ལམ་ལ་འགྲོ་ཁར་ཇ་གྲལ་ཞིག་གི་ཐོག་ངོས་མཇལ་ཞུས། དེ་བར་རི་ཕུག་གྀ་དབུ་མཛད་ཡིན་ཟེར་བ་ལས་རྒྱུ་མཚན་ཞིབ་པ་མ་ངེས་པ་གསུང་བགྲོས་ལ་གཞིགས་པ་ན་ཚར་ལུགས་པ་ཞིག་ཡིན་པ་འདྲ་སྙམ་སང་གུང་ཚིགས་གྲོལ་འཕྲལ་གདན་དྲངས། ཇ་སྦྱོར་གསུམ་ཙམ་གྱི་ཡུན་གསུང་གླེང་འཕེལ་བར་བྱུང་ཞིང་ཟུར་གསོས་ཕུལ། བྱམས་པ་གདན་འདྲེན་གྱི་སང་ཉིན་ཀ་བརྒྱད་སྦུག་ཏུ་གུང་ཚིགས་ཀྱི་མགྲོན་ལ་ཕྱིན་དུས།