R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 51b
[B:51b]ངན་པ་ཚར་གཅོད་ཅིང་གསང་སྔགས་རྒྱ་མཚོའི་འཇིང་ནས་དབང་གི་ཆུ་བོ་རྒྱུན་མི་ཆད་པར་ཕབ་སྟེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའི་བསྟན་འཛིན་ཆེན་པོར་གྱུར་པ་ ཆོས་ཀྱི་རྗེ་རིག་པའི་གློག་འཕྲེང་། ཆོས་ཀྱི་རྗེ་རྣམ་རྒྱལ་རིན་ཆེནམཁས་པའི་དབང་པོ་བདེ་ལེགས་རྒྱ་མཚོདྭགས་པོ་སྐུ་རབ་ཀྱི་མཁན་པོ་མཛད་པ་བསོད་ནམས་རྒྱ་མཚོཕ་བླ་མའི་ཐུགས་རྗེ་ཞུགས་པ་ཐུགས་སྲས་རྡོ་རྗེ་འཛིན་པ་ཀུན་དགའ་རྒྱལ་པོའདི་ནི་ཕྱིས་སྤྲུལ་སྐུ་ཞྭ་ནག་པ་མི་བསྐྱོད་རྡོ་རྗེ་ཉིད་ཀྱི་སྤྲུལ་པར་ཡང་ཞལ་བཞེས་འདུག་གོ། ཕྱི་ནང་གི་ཆོས་ཚུལ་མཐའ་དག་ལ་དབང་འབྱོར་ཞིང་། བཀའ་ལུང་མན་ངག་དུ་མའི་བང་མཛོད་དུ་གྱུར་པས་གཞན་ཕན་གྱི་སྒོ་མཐའ་ཡས་པར་སྐྱོང་བ་ཐུའི་ཆོ་རིགས་ལས་འཁྲུངས་པ་འབྲི་གུངཁུང ཁུང་མཁན་པོ་རྣམ་རྒྱལ་མགོན་པོ་དྲི་མེད་སྡེ། ཆོས་གྲྭ་རྩེད་ཐང་གི་ལས་ཆེན་དཔོན་འབྲས་བུ་གླིང་པ། གདན་ས་ཆེན་པོ་ཐེལ་གྱི་ཆོས་སྒོ་བ་མཁས་པའི་དབང་པོ་འབུམ་རབ་འབྱམས་པ། གཙང་བྱམས་ཆེན་གྱི་[A:171]སློབ་དཔོན་རྣལ་འབྱོར་དབང་ཕྱུག་པ་སོགས་སོ། །
Disciples from the rNgog pa line གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོར་གྱུར་པ་རྔོག་སྟོན་བྱང་ཆུབ་དཔལ་གྲུབ་དང་། དེའི་དབོན་པོ་རྔོག་སྟོན་བྱང་ཆུབ་གྲགས་པརྔོག་ཚང་འོག་མ་རྔོག་སྟོན་བསོད་ནམས་ལྷུན་པོ Disciples following the tradition of gTsang pa rgya ras གྲུབ་ཆེན་གཙང་པ་རྒྱ་རས་ཀྱི་གདུང་བརྒྱུད་ཀྱི་སྲོལ་འཛིན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འབྲུག་པ་དབོན་རིན་པོ་ཆེ་ངག་དབང་ཆོས་རྒྱལའབྲུག་པ་རྟོགས་ལྡན་ལྷ་བཙུན་པ་སོགས་དང་། ནང་ལ་མཆོག་ཏུ་གཞོལ་བས་སྤངས་རྟོགས་གོང་དུ་འཕེལ་ཞིང་། སྦས་པའི་ཚུལ་གྱིས་འཁྲུལ་ཞིག་གི་སྒོ་ནས་གཞན་རྗེས་སུ་འཛིན་པར་མཛད་པ་ཀ་ཐོག་རྡོ་རྗེ་བཟང་པོམཚུངས་མེད་འབྲི་གུང་རས་ཆེན་པགྲུབ་ཆེན་བྲག་སྒོ་བ་ཀུན་དགའ་བསམ་གཏནཕྱག་ན་རྡོ་རྗེའི་གྲུབ་ཆེན་བསམ་རྩེ་བཀོང་པོའི་རྣལ་འབྱོར་ཉི་ཟླ་བཟང་པོ་སོགས་སོ། ། གསང་སྔགས་གསར་རྙིང་གི་ཉམས་བཞེས་དང་ཕྱག་ལེན་གྱི་རིམ་པ་སྐྱོང་བར་མཛད་པ་ལ། ཀོང་པོའི་བླ་མ་དགེ་འདུན་བཟང་པོ། བླ་མ་རིན་ཆེན་དབང་ཕྱུག བླ་མ་ཚུལ་ཁྲིམས་བརྟན་src: read: bstan?པ། གཙང་ཕུགས་པ་