[B:52a]ཆོས་རྗེ་སྐུ་མཆེད་སོགས་དང་།
རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ལོ་ཀོཏྟ་ར་[A:172]་ཞེས་བྱ་བ་དང་། པུཀྐཾ་གི་པཎྜི་ཏ་འདུལ་བ་འཛིན་པ་ཨ་ལངྐ་ར་དང་། དྷརྨ་དི་པཱ་ཀ་ར་ཞེས་པ་རྣམས་སོ། ། ཕྱི་མ་གཉིས་ཀྱིས་རྗེ་ཉིད་ཀྱི་སྐུ་ལ་བསྟོད་པའི་རབ་བྱེད་སྡེབ་སྦྱོར་གྱི་རྣམ་གྲངས་ཚར་དུ་དངར་བ་དང་བཅས་པ་རེ་མཛད་དོ། །
Disciples who were secular rulers
ཡང་ས་སྐྱོང་བའི་ཚུལ་འཛིན་པའི་དད་ཐོབ་ལ།
On Lha dbang kun dga'
རྗེ་བཙུན་དམ་པ་དེ་ཉིད་ཀྱི་དབོན་རིགས་མཁྱེན་རབ་ཀྱི་ཆ་ཤས་རབ་ཏུ་ཡངས་ཤིང་དད་པ་དང་འདུན་པའི་བགོ་སྐལ་ལྷག་པོར་གྱུར་ཏེ། སྐུ་གསུང་ཐུགས་ཀྱི་མཉེས་སྤྲིན་རྒྱ་མཚོས་རྗེ་བཙུན་དམ་པ་དེ་ཉིད་ཡུན་དུ་མཉེས་པར་མཛད་པ་དང་། ཟབ་དོན་གྱི་ཉམས་བཞེས་ལས་ནམ་ཡང་གཡོ་བ་མེད་པས་བྱིན་རླབས་དང་མཐུ་སྟོབས་ཀྱི་དབང་ཕྱུག་ཏུ་གྱུར་ལ། འཁོར་འདས་བདེ་ཆེན་གྱི་རོལ་པར་ཤར་བ་ས་སྐྱོང་ཆོས་ཀྱི་རྗེ་ལྷ་དབང་ཀུན་དགའ་ཁུ་དབོན་དང་།
ཕྱི་ནང་གི་ཆོས་ཚུལ་ལ་ཀུན་ཏུ་སྒྲིབ་པ་མེད་པའི་སྤྱན་ཅན་རིགས་ལྡན་གྱི་སྤྲུལ་པར་གྱུར་པ་མཁྱེན་རབ་ཀྱི་བདག་པོ་ཨེ་ཝཾ་ཆོས་ཀྱི་རྗེ་ཁུ་དབོན་ཡུམ་སྲས་དང་བཅས་པ།
མཁན་པོ་བོདྷི་ས་ཏྭའི་དབོན་རིགས་འཕྱིང་བར
པར་སྟག་རྩེ་ནས་སྐུ་ཞང་རྡོ་རྗེ་ཚེ་བརྟན་ཁུ་དབོན།
ལུགས་གཉིས་ལ་མཁྱེན་པ་རབ་ཏུ་རྒྱས་ཤིང་ཕུན་ཚོགས་དཔལ་འབྱོར་དང་མངའ་རིས་[A:173]ལ་དབང་འབྱོར་བའི་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་པ་སྐུ་མཆེད། བགྲེས་པས་སྐུ་བསྟོད་ཤིན་ཏུ་ལེགས་པ་གཅིག་མཛད་དོ།
།ཐུའི་ཆོ་འབྲང་གི་རིགས་ལས་འཁྲུངས་པའི་བོད་ཆོས་རྒྱལ་གྱི་བརྒྱུད་འཛིན་བསམ་ཡས་དབུ་ཚལ་བ་སྐུ་མཆེད། རིགས་སྔགས་འཆང་མཐུ་ནུས་ཀྱི་དབང་ཕྱུག་ནང་སོ་ཆོས་ཀྱི་འབྱུང་གནས་སོགས་མང་དུ་ཡོད་དོ། །
Disciples who were artisans and chief attendants
གཞན་ཡང་རྗེ་བཙུན་དམ་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པའི་སླད་དུ། རྗེ་ཉིད་ཀྱི་མཁྱེན
་རབ་ཀྱི་ཆ་ཤས་རིག་བྱེད་ཀྱི་རྣམ་པར་ཤར
ཤས་བས་རབ་འབྱམསའབྱམ་ཀྱི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་མངོན་སུམ་པ་ལྟ་བུར་གང་གི་ལག་སོར་ལ་སྐྲུན་པར་བྱེད་པའི་སྤྲུལ་པའི་སྐྱེས་ཆེན་མཁྱེན་བརྩེ་བ་དགེ་བསྙེན་རྣམ་པར་རྒྱལ་བ་ཁུ་དབོན་སྔ་མས་ངོ་མཚར་འཁྲི་ཤིང་ཞེས་པའི་སྐུ་བསྟོད་