[B:5b]བའི་སྔགས་འཆང་ཆེན་པོར་འགྱུར་ཡང་། སླད་ནས་མཉན་མགོན་ཞལ་བཞི་པའི་སྒྲུབ་སྐོར་ལ་ཆེད་དུ་ཐུགས་འདུན་པས། དེ་དག་ཞུ་བའི་བླ་མ་གང་བཟང་དམོད་བོར་ཏེ་ཆོས་སྐྱོང་ལ་གསོལ་བ་བཏབ་དུས། རྨི་ལམ་དུ་[A:12]ཨ་ཙ་ར་སྔོན་པོ་ཞིག་བྱུང་ནས་"ཁྱོད་འདོད་པའི་ཆོས་དེ་བླ་མ་གནམ་ཁའུ་པ་ཕ་གིར་ཡོད་པས་དེར"་ཞུས་ཟེར་ཆོས་སྡེའི་རྒྱབ་རི་འདི་བསྟན་བྱུང་། དེ་ལ་བལྟས་པས་རྒྱབ་རི་བྱ་རོག་ལྡིང་བ་ལྟ་བུར་མཐོང་ཞིང་། སད་པ་ན་ངེས་པ་བརྟན་པོ་རྙེད་དེ། རྗེ་འདི་ཉིད་ཀྱི་ཞབས་དྲུང་དུ་བྱོན་ནས་ཆོས་སྐྱོང་སྐོར་གྱི་སྒྲུབ་སྐོར་ཆ་ལག་དང་བཅས་པ་མ་ཚང་བ་མེད་པ་གསན་པ་ཡིན་ནོ།
Birth as Bla ma dam pa
ཡང་རྗེས་སུ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་སྐུའི་སྐྱེ་བ་ཡིན་པར་གསལ་ཏེ། དེ་ཉིད་ཀྱིས་བཀའ་ཐ་མར་"བདག་འདི་ནས་འཕོས་ཏེ་ཨུ་རྒྱན་གྱི་ཡུལ་དུ་སྐྱེ་བ་གཅིག་།དེ་ནས་བོད་འདིར་སྐྱེ་བ་བླངས་ཏེ་བསྟན་པའི་བྱ་བ་ལྷག་མ་རྣམས་བགྱིས"་ཅེས་བསྩལ་བ་དང་། དེ་དང་མཐུན་པར་བསམ་ཡས་སུ་སྐུ་གདུང་ཞུགས་ལ་ཕུལ་དུས་འོད་ཀྱི་གོང་བུ་ཐག་སྒྲ་དང་བཅས་ཏེ་གོང་དཀར་ཕྱོགས་སུ་སོངབླ་མ་དམ་པའི་རྣམ་ཐར།་ཟེར་བ་ཆོས་རྗེ་བླ་མ་ཉིད་ཀྱི་རྣམ་ཐར་ན་ཡོད་པ་ལྟར། རྗེ་བླ་མས་ཕྱག་ལེན་གྱི་རིམ་པ་རྒྱུད་འགྲེལ་སོགས་རྗེ་བཙུན་གོང་མའི་བཞེད་པ་ཇི་ལྟ་བ་བཞིན་གསལ་བར་མཛད་པ་ལ། ཕྱིས་ལོག་སྨྲ་འགའ་ཞིག་གིས་ཅུང་ཟད་བསྒྲིབས་པར་སྣང་བ་ཡང་མགོན་པོ་འདི་ཉིད་ཀྱིས་ཆེད་དུ་རྒྱས་པར་མཛད་པས་ཀྱང་གྲུབ་པ་[A:13]ཡིན་ནོ། །
Birth as Chos rje gzungs dpal
ཡང་ཆོས་རྗེ་གཟུངས་དཔལ་གྱི་སྤྲུལ་པར་ཡང་གྲགས་མོད། གཏན་ཚིགས་ཀྱི་ངེས་པ་མ་མཐོང་ངོ་། །
སྨྲས་པ།
འཕོ་མེད་གོ་འཕང་མངོན་གྱུར་ཀྱང་། །
ཞིང་ཁམས་རབ་འབྱམས་མཐའ་ཡས་པར། །
སྤྲུལ་པའི་མཛད་པ་གྲངས་མེད་ཀྱིས། །
འགྲོ་རྣམས་ཕན་བདེའི་