R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 6a
[B:6a]ལམ་ལ་འགོད བཀོད། ། ཐུབ་རྣམས་ཆོས་སྐུ་མཉམ་ཉིད་དང་། ། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། ། སྤྲུལ་གཟུགས་མ་འདྲེས་ཆུ་ཟླའི་གར། ། འདི་ནི་ཡེ་ཤེས་སྒྱུ་མའི་འཕྲུལ། ། རྣམ་སྣང་ལོངས་སྐུའི་ཐུགས་མཚོ་ལས། ། སྤྲུལ་སྐུའི་སྣང་བརྙན་འོད་ནོར་ཅན། ། ཐུགས་རྗེའི་རྟ་ལྗང་རྩེར་བཅིབས་ནས། ། འཛམ་གླིང་མུན་སེལ་མགོན་དུ་ཤར། ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་སྔོན་བྱུང་གཏམ་གྱི་ལོ་རྒྱུས་ཀྱི་སྐབས་ཏེ་དང་པོའོ། ། ། །
CHAPTER 2: Birth; A: pp. 13-20; B: ff. 6a3-8a2 གཉིས་པ་ཞིང་འདིར་སྐུ་བལྟམས་པའི་ཚུལ་ནི། ཀུན་ལ་མཉམ་སྙོམས་བྱམས་བརྩེས་གདུལ་བྱ་ལ། ། དགའ་ལྡན་གནས་སོགས་ཞིང་ནས་ཉེར་གཟིགས་ཏེ། ། རྣམ་དག་རྒྱལ་སྲས་ཐུ་བོའི་ཚུལ་གྱིས་རོལ། ། དཔལ་འབྱོར་བཟང་པོའི་གཏེར་དེ་རྒྱལ་གྱུར་ཅིག། སྨོན་ལམ་ལུང་བསྟན་གྱིས་བསྐུལ་ཏེ། ། རིས་རུས་[A:13]ཆོ་འབྲང་ཕུན་ཚོགས་པར། ། ཐུབ་བདང་བསྟན་པའི་གསལ་བྱེད་དུ། ། ཡོངས་སུ་སྐྱེ་བ་གཟུགས་བའོ། དེའི་ཚུལ་ནི། བདག་ཅག་གི་བླ་མ་སྐྱེ་དགུ་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་འདིས། སྔོན་ནས་ལས་ཉོན་གྱི་སྐྱེ་བ་ཟད་པར་སྤངས་ཀྱང་། རྒྱལ་སྲས་འགྱུར་མེད་ཆོས་ཉིད་ནི། ། རྟོགས་ནས་མ་རིག་ལྡོངས་རྣམས་ཀྱི། ། སྐྱེ་བ་ལ་སོགས་དག་ཏུ་ནི། ། མཐོང་བ་གང་ཡིན་དེ་རྨད་དོ། ། རྒྱུད་བླ་མ། ཞེས་གསུངས་པ་ལྟར།
Family Lineage: Sketch of the Yar rgyab pa; A: pp. 14.7-16.13; B: ff. 6a6-7a1 སྙིང་རྗེ་དང་། སྨོན་ལམ་དང་། ལུང་བསྟན་གྱི་དབང་གིས་རིགས་ཕུན་སུམ་ཚོགས་པ་མཁས་ཤིང་གྲུབ་པའི་རིགས་ཆེ་བ་དང་བཙུན་པ་གཉིས་ཀ་ཚང་བའི་རྒྱུད་དུ་ཇི་ལྟར་སྐྱེ་བ་བཞེས་ཚུལ་བསྟན་པ་ནི། བསྟན་པ་སྔ་དར་གྱི་དུསབོད་གངས་ཅན་འདུལ་བའི་གཉེན་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་འཕྲུལ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བ་བྱོན། དེའི་བཀའི་འཕྲུལ་བློན་ཆེན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐུ་མི་སཾ་བྷོ་དྲ་ཞེས་བྱ་བ་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ཞིག་བྱུང་། ཐུ་ཞེས་པ་རུས་