[B:62a]སྤེལ། །
ཞེས་བརྗོད་བཞེནཞེན་བསྐུལསྐུལ་ལྕག་གིས་གཞུས་པ་ལས། །
ཤིན་ཏུ་བྱ་དཀའི་ཁུར་ཆེན་དེང་བླངས་ཏེ། །
གངས་རིའི་ཁྲོད་དུ་དུ་མའི་འགྲོ་རྣམས་ལ། །
ཐུགས་རྗེའི་ཆུ་རྒྱུན་རྒྱུན་མི་ཆད་པ་ཡིན། །
བླ་མའི་རྣམ་ཐར་ཐར་འདོད་མགུལ་པའི་རྒྱན། །
ཁོ་བོས་སྤེལ་ལེགས་ལེགས་བཤད་གཏམ་གྱིས་སྙད། །
ཇི་ལྟར་ཡན་ལག་ཕྲ་མོའི་སྲིན་བུ་ཡིས། །
ཆུ་སྲིན་འབྱུང་གནས་གཏིང་མཐའ་འཚོལ་བ་བཞིན། །
རྒྱལ་བ་མཆོག་གི་མཛད་པའི་གསང་མཐའ་ལ། །
བདག་ཅག་བྱིས་པའི་བློ་ཡང་དེ་འདྲ་ཉིད། །
ལྷུན་པོའི་གསེར་རི་ཁོར་ཡུག་བཅས་[A:208]པའི་ས། །
ཤེས་ལྡན་སུ་ཞིག་རྩྭ་རྩེའི་སྲང་གིས་འཇལ། །
དེ་བཞིན་ཁྱོད་ཀྱི་ཡོན་ཏན་མཁའ་འདྲ་བ། །
རྟོགས་ལ་བློ་ཆེན་རྣམས་ཀྱང་ངལ་བའི་གནས། །
འོན་ཀྱང་མཆོག་གི་རིན་ཆེན་དུམ་བུ་དང་། །
འཆི་མེད་བདུད་རྩིའི་ཟིལ་དངར་ཐིགས་པས་ཀྱང་། །
འདོད་དགུ་སྦྱིན་དང་ཚ་གདུང་སྐྱོབ་པ་ཡི། །
དོན་ཆེན་འགྲོ་མང་དབུས་སུ་བྱེད་པ་ལྟར། །
རྫོགས་སངས་རྒྱས་ཀྱང་ཐུགས་རྗེས་ཐ་མལ་དང་། །
སྐལ་མཉམ་སྐུར་བསྟན་ཐུན་མོང་མཛད་པ་ལས། །
ཉེ་ཚེའི་བློ་ཡིས་ཅུང་ཟད་གཅིག་བསྡེབས་པ། །
འདི་ཡང་རྣམ་ཀུན་དོན་ཡོད་ཁོ་ན་ཡིན། །
རྣམ་དཔྱོད་བློ་མིག་ཕྲག་དོག་རབ་རིབ་ཅན། །
ཁྱེད་ཅག་དད་པའི་མིག་སྨན་བཟང་བསྟེན་ཏེ། །
གཟུ་བོའི་བློ་ཡིས་མཛད་མཆོག་འདི་ལྟོས་ལ། །
རླབས་ཆེན་བྱང་ཆུབ་སྤྱོད་ལ་གོམས་པར་མཛོད། །
བདག་ཅག་མི་ཤེས་ཚུར་མཐོང་བྱིས་པའི་བློས། །
རྒྱལ་བའི་མཛད་བཟང་སྤེལ་འདིར་ཚིག་དོན་ལ། །
ནོངས་པ་གང་མཆིས་རྗེ་བཙུན་བླ་མ་དང་། །
མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་བཟོད་འཚལ་ལོ། །
ཚུལ་འདིར་འབད་ལས་རྣམ་དག་དགེ་བའི་དངོས། །
ཟླ་འོད་དུང་དང་པད་རྩ་ལྟར་དཀར་བ། །
ཅི་ཞིག་བསྐྲུན་དེ་མཁའ་ལྟར་ཆེར་སྤེལ་ནས། །
འགྲོ་ཀུན་རྗེ་བཙུན་གོ་འཕང་ཐོབ་ཕྱིར་[A:209]བསྔོ། །
བདག་སོགས་དེང་ནས་སྲིད་པ་ཐམས་ཅད་དུ། །
བསྐལ་པ་རྒྱ་མཚོར་མཚན་ཙམ་རྙེད་དཀའ་བ། །
རྡོ་རྗེ་འཆང་དངོས་རྗེ་བཙུན་ཞབས་ཀྱི་རྡུལ། །
དད་པའི་གཙུག་གིས་འབྲལ་མེད་བསྟེན་པར་ཤོག་།
དེར་ནི་སྒོ་གསུམ་བྱ་བ་ཐམས་ཅད་ཀྱང་། །
ཁྱོད་མཉེས་བགྱིད་པ་གཅིག་པུའི་ཐབས་གྱུར་ཅིང་། །
རྣམ་ཐར་རྒྱ་མཚོའི་རྗེས་སུ་སློབ་མཁས་པས། །
ཁྱོད་བསྟན་འཛིན་ཅིང་སྤེལ་བའི་