[B:62b]མཐུ་ལྡན་ཤོག་།
རྒྱལ་བའི་བསྟན་པ་དམ་ཆོས་བཤད་སྒྲུབ་དང་། །
བསྟན་འཛིན་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་སྒོ། །
སྐྱེ་དགུའི་ལྷག་བསམ་མོས་དང་དགེ་ཆོས་ཀུན། །
ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་ཤོག་།
src: On Gong dkar chos sde monastery
ཁྱད་པར་བསྟན་པའི་འབྱུང་ཁུངས་རྡོ་རྗེ་གདན། །
མདོ་སྔགས་ཆོས་ཀྱི་འཁོར་ལོ་བསམ་ཡས་འདི། །
ཇི་སྲིད་འཁོར་བ་གནས་པ་དེ་སྲིད་དུ། །
ལྷ་མིའི་བསོད་ནམས་ཞིང་དུ་གནས་པར་ཤོག་།
རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་སེམས། །
རྗེ་བཙུན་འཇིགས་མེད་དཔའ་བོའི་རིང་ལུགས་དང་། །
ཕྲིན་ལས་མཁའ་ཁྱབ་ཤིང་རྟ་ཆེན་པོ་འདིས། །
སེམས་ཅན་གཅིག་ཀྱང་མ་ལུས་སྒྲོལ་བར་ཤོག་།
ཡངས་པའི་འཇིག་རྟེན་ཁམས་ཀྱི་འགྲོ་རྣམས་ཀྱང་། །
ནད་མཚོན་མུ་གེའི་རྒུད་པས་མི་བརྫི་བར། །
སྲིད་དང་ཞི་བའི་བདེ་[A:210]སྐྱིད་ཅི་ཡོད་པ། །
དེ་དག་ཀུན་ལ་རྟག་ཏུ་སྤྱོད་པར་ཤོག་།
མདོར་ན་ལེགས་བྱས་འདི་དང་གཞན་དུ་ཡང་། །
རྣམ་དཀར་བསོད་ནམས་རྒྱ་ཆེན་བསྐྲུན་པ་དང་། །
འཁོར་འདས་དགེ་ལེགས་ཇི་སྙེད་ཡོད་པའི་མཐུས། །
འགྲོ་ཀུན་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག་།
Author Colophon; B: ff. 62b4-63a2
ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པའི་བདག་ཉིད། །དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་འདི་ནི། །རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་རིགས་ཀྱི་དབོན་ལྷ་སྲས་མིའི་དབང་པོ་མཁྱེན་པའི་སྤྱན་དང་བྱམས་པའི་ཐུགས་ཀྱིས་ཡངས་པའི་མངའ་རིས་ཆོས་བཞིན་སྐྱོང་བའི་སའི་དབང་ཕྱུག་དཔོན་ཆེན་ངག་དབང་ཀུན་དགའ་བསོད་ནམས་རྒྱལ་པོའི་བཀའ་ལུང་དང་།། །། གཞན་ཡང་རྗེ་འདི་ཉིད་ལ་མི་འཕྲོག་པའི་མོས་དད་ཅན་གྱི་བཤེས་གཉེན་དམ་པ་མཁྱེན་སྤྱན་ཡངས་པ་དུ་མའི་གསུང་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས ། རྗེ་བཙུན་ཉིད་ཀྱི་བཀའ་འབངས་ཀྱི་ཐ་ཆུང་དུ་གྱུར་ཀྱང་སྐུའི་སྲིདསྲི་ཞུ་དང་ཞབས་འབྲིང་ཡུན་རིང་དུ་བགྱིད་པའི་སྐལ་བ་ཐོབ་ཅིང་གསུང་གི་ཆ་ཤས་[A:211]ཙམ་གྱིས་འཚོ་བ་རྒྱའི་བན་དེ་བྱང་ཆུབ་དབང་རྒྱལ་གྱིས། །ཐུན་མོང་གི་རྣམ་ཐར་ལས་ཆ་ཤས་ཙམ་གླེངས་ཏེ་སྒྲོ་སྐུར་སོགས་ཀྱི་དྲི་མས་ཅུང་