[B:8a]། །
མཁའ་ལས་མནྡར་བའི་ཆར་ཆེན་དང་། །
བར་སྣང་འཆི་མེད་རོལ་མོས་གང་བ་སོགས། །
ངོ་མཚར་བསམ་མི་ཁྱབ་པའི་ཆོ་འཕྲུལ་བསྟན། །
བལྟམས་མ་ཐག་ནས་འཇིག་རྟེན་སྐྱོང་བ་སོགས། །
ཁམས་གསུམ་པ་ཡི་ཕྱག་བྱའི་འོས་སུ་གྱུར། །
[A:20]མཆོག་གི་སྤྲུལ་སྐུ་རྩོད་མེད་གྲགས་པའི་བརྡ། །
ལྷ་ཡུལ་ས་སྟེང་མ་ལུས་ཁྱབ་པར་བསྒྲགས། །
དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་ཞིང་འདིར་སྐུ་བལྟམས་པའི་ཚུལ་གྱིས་སྐབས་ཏེ་གཉིས་པའོ། ། ། །
CHAPTER 3: Early Youth; A: pp. 20-22; B: ff. 8a3-8b7; C: pp. 14-17
གསུམ་པ་གཞོན་ནུ་རོལ་རྩེད་ཀྱི་དུས་གཞན་ལས་ཁྱད་པར་འཕགས་པའི་ཚུལ་ནི།
ཀུན་ཏུ་ས་གསུམ་འགྲོ་མང་དགའ་བའི་ལྷ། །
རྣམ་གསལ་མཚན་དཔེའི་སྐྱེ་མཆེད་རྫོགས་པའི་སྐུ། །
རྒྱལ་སྲས་ཐུ་བོ་བག་ཡོད་མཛད་པའི་གཏེར། །
དཔལ་ལྡན་ངང་ཚུལ་བཟང་པོ་རྒྱལ་གྱུར་ཅིག།
ཐོས་བསམ་ལྷུར་མཛད་མཁས་པའི་གཙུག་རྒྱན་དུ། །
གྱུར་ནས་རྣམ་ཐར་མཛད་པ་ལྟ་ཅི་སྨོས། །
སར་པ་སར་པ་གཞོན་ནུའི་རོལ་རྩེད་ཀྱང་། །
ཆོས་ལས་གཞན་པའི་གནས་སྐབས་མ་མཆིས་སོ། །
བདག་ཅག་གི་བླ་མ་དམ་པ་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱིས་ཡོངས་སུ་རྫོགས་པའི་བསྟན་པའི་ཁུར་བཞེས་པའི་མཛད་པ་རྣམས་བློའི་ཡུལ་ལས་གཞར་ཡང་འདས་པ་ཡིན་མོད། དེ་བས་རོལ་རྩེད་ཀྱི་གནས་སྐབས་སུའང་གཞོན་ནུར་གྱུར་པ་གཞན་དག་རྣམས་རང་རང་གི་རིགས་དང་མཐུན་པའི་ཀུན་སྤྱོད་འཕོང་རྩེ་བ་སོགས་ཀྱི་རྩེད་འཇོས་[A:21]འདའ་བ་ལས། དམ་པ་འདི་ནི་དེ་དག་གི་རྗེས་སུ་མི་འཇུག་པར་ཇི་ལྟར་འོས་པའི་ཁྲི་ཆེན་པོ་མཛད་དེ་དེ་ལ་འདུག་ནས། གཞོན་ནུ་རྣམས་བསྡུས་ཏེ་སྤྱིར་ཆོས་འཆད་པའི་ཚུལ་དང་། ཁྱད་པར་སྣག་ཚའི་བུམ་པ་རྣམས་སུ་རྩྭ་ཕྲ་མོ་བཅུག་སྟེ་འཐོར་བ་སོགས་དབང་བསྐུར་བའི་ཚུལ་མཛད་པ་དང་། ཡང་ན་བཟའ་ཅུང་ལེགས་པ་རྣམས་མནབས་ཏེ། རོལ་རྩེད་པ་རྣམས་དང་ལྷན་དུ་གར་འཆམས་ཀྱི་རྣམ་པ་མཛད། ཡང་ལ་ལར་