R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 8b
[B:8b]གཏོར་ཚོགས་དཔག་ཏུ་མེད་པའི་རྣམ་པ་བཤམས་ནས་རོལ་ཆ་ཅི་འབྱོར་གྱིས་གཏོར་སྒྲུབ་མཛད་པའི་ཚུལ་དང་། ཡང་ཁ་ཅིག་གདོན་བགེགས་ཀྱིསཀྱི་གཙེར་བའི་རྣམ་པ་བྱེད་དུ་བཅུག་ལ་དེ་དག་དྲག་ཤུལ་གྱིས་སྐྲོད་པའི་སྣང་ཚུལ་མཛད། ལ་ལབགྲོའགྲོ་གླེང་རྩེ་བའི་ཚུལ་ཡང་བྱེད་དུ་འཇུག་ཕལ་ཆེར་རྟེན་གསུམ་ལ་ན་བཟའ་མཆོད་པ་སོགས་བཀུར་བསྟི་དང་ཕྱག་མཛད་ནས་བྱིན་གྱིས་ཆོས་ཉན་པའི་ཚུལ་མཛད་པ་སོགས་རོལ་རྩེད་ཀྱི་སྐབས་སུ་ཡང་དམ་པའི་སྤྱོད་ཚུལ་ཁོ་ནས་དུས་འདའ་བ་ལས་བར་མ་དོ་ཐ་མལ་གྱི་རྣམ་དཔྱོད་ཅུང་ཟད་ཙམ་ཡང་མི་མངའ་བས། ཀུན་གྱིས་ངོ་མཚར་ཞིང་བསྔགས་པའི་ཡུལ་དུ་བྱེད་དོ། ། འདིར་སྨྲས་པ། ཇི་ལྟར་ཉི་[A:22]གཞོན་བསྒྲིབས་དང་མ་བསྒྲིབས་ཀྱང་། ། མུན་པ་དག་དང་ནམ་ཡང་ལྷན་ཅིག་མིན། ། རྒྱལ་བའི་སྲས་པོ་སར་པའི་ངང་ཚུལ་དུའང་། ། ཐ་མལ་གྱུར་པའི་རྣམ་པ་ག་ལ་མཆིས། ། གཞོན་ནུའི་དུས་ནས་ལེགས་མཛད་མེ་ལོང་དུ། ། བག་ཡོད་ཀུན་སྤྱོད་ཚོན་རིས་རྣམ་བཀྲ་དང་། ། ཐོག་མ་མེད་ནས་དམ་པའི་ངང་ཚུལ་ལ། ། ཤིན་ཏུ་གོམས་པའི་སྣང་བརྙན་འཕོས་པ་བཞིན། ། ཆེན་པོ་གཙུག་རྒྱན་ནོར་བུའི་ས་འཛིན་རྩེར། ། ཞབས་སེན་ཉི་མ་གསར་པའི་ཐིག་ལེ་ནི། ། རྟག་པར་འཆར་ལས་ཕན་བདེའི་འདབ་བརྒྱ་ཡང་། ། གདུལ་བྱའི་མོས་སེམས་དྭངས་པའི་ཆུ་མཚོར་བཞད། ། བསོད་ནམས་བརྒྱ་ཡིས་མཚན་པ་མགོན་ཁྱོད་ཀྱི། ། གཟུགས་སྐུའི་སྐྱེ་མཆེད་རྒྱལ་བའི་ཞལ་སྐྱིན་དེ། ། བལྟ་བས་ངོམས་པ་མེད་བཞིན་སྐལ་ལྡན་དག། དགའ་དང་མོས་པ་འཕེལ་བའི་མིག་མི་འཛུམ། ། དཔལ་ལྡན་བླ་མ་དམ་པའི་རྣམ་པ་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་གཞོན་ནུ་རོལ་རྩེད་ཀྱི་སྐབས་ཏེ་གསུམ་པའོ། ། ། །
CHAPTER 4: Secular Activities; A: pp. 22-28; B: ff. 8b7-10b1; C: pp. 17-21 བཞི་པ་འཇིག་རྟེན་དང་མཐུན་པར་མཛད་པའི་ཚུལ་ནི། ཀུན་གཟིགས་མཁྱེན་སྤྱན་ཡངས་པས་ཕན་བདེ་