[B:9a]ཡི། །
དགའ་སྟོན་རྣམ་མང་འགྲོ་ལ་སྤེལ་བའི་སླད། །
རྒྱལ་སྲིད་ཆོས་[A:23]ཀྱིས་སྐྱོང་མཛད་སྐྱེ་དགུའི་དཔལ། །
མཁའ་འགྲོའི་ལམ་སྲོལ་ཆེན་པོ་གསལ་མཛད་རྒྱལ། །
འདམ་སྐྱེས་འདམ་གྱིས་མ་གོས་ལྟར། །
འཁོར་བའི་ཕུན་ཚོགས་བདེ་བ་ལ། །
ནམ་ཡང་ཆགས་པ་མེད་བཞིན་དུ། །
ལུགས་བཟང་སྐྱེ་བོའི་རྗེས་སུ་ཞུགས། །
Initial Studies, learing reading, writing, worldy shastras
དེ་ཡང་བདག་ཅག་གི་བླ་མ་འཇིག་རྟེན་མཁྱེན་པ། སྐྱེ་བུ་འདུལ་བའི་ཁ་ལོ་བསྒྱུར་བ་འདིས། ས་ཆེན་ཆོས་བཞིན་སྐྱོང་བས་མངའ་རིས་སོགས་སྐྱེ་དགུ་གྲངས་མེད་པ་ཐབས་མཁས་པའི་སྤྱོད་པ་རྨད་དུ་བྱུང་བས་དགེ་བའི་ལམ་ལ་གཟུད་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་སྤང་བའི་སླད་དུ་ཟས་གཙང་སྲས་ཀྱི་མཛད་པ་དང་ཀུན་ནས་མཚུངས་པར་རེ་ཤིག་རྒྱལ་སྲིད་འཛིན་པའི་ཚུལ་ཡང་མཛད་པ་ལས། སྐུ་ཅུང་ཟད་ནར་སོན་པ་ཙམ་ནས་ཀྱང་སྔོན་གྱི་རིགས་སད་པའི་སྟོབས་ཀྱིསཀྱི་འབྲི་ཀློག་ལ་སོགས་པ་ཚེགས་ཆུང་ངུས་ངང་གིས་མཁྱེན་པས། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་མང་དུ་བསྐྲུན་པའི་ཡུམ་དེའི་ཐུགས་ལ། འཇིག་རྟེན་གྱི་སྲིད་སྐྱོང་བ་ཞིག་ཡོང་ངམ་དགོངས་ཏེ། སྐྱེ་བོ་གསོ་ཐིགས་དང་། ས་སྐྱ་ལེགས་བཤད་དང་། མི་ཆོས་གནད་ཕྲེང་སོགས་རྒྱ་བོད
་ཀྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། རྒྱ་བོད་[A:24]ཀྱི་རྒྱལ་རབས་དང་།
གཞན་ཡང་ནོར་བུ་བརྟག་པ་དང་། རྟ་བརྟག་པ་དང་། སྐྱེས་པ་བརྟག་པ། བུད་མེད་བརྟག་པ། གོས་བརྟག་པ། ས་གཞི་བརྟག་པ། ཚལ་བརྟག་པ། གོ་མཚོན་བརྟག་པ་སྟེ་བརྟག་པ་བརྒྱད་དང་བཅས་པ་རྣམས་ལ་ཐུགས་འཇུག་ཏུ་བཅུག་པ་ན། བཀའ་མི་བཅག་པའི་ཕྱིར་སྔོན་དུ་དེ་དག་གཟིགས་པ་སྩལ་བ་ཙམ་གྱིས་འབད་པ་ཆུང་ངུས་མཁྱེན་ཅིང་། ལྐོག་ཏུ་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་དང་། རྒྱ་བོད་ཀྱི་མཁས་པའི་བསྟན་བཅོས་མང་པོ་ལ་གཟིགས། ཁྱད་པར་དུ་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་ལ་ཤིན་ཏུ་