R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 9b
[B:9b]མོས་པར་མཛད་དོ། ། འདི་དུས་ནས་གཉན་གྱི་ མགོན་པོ་ཞལ་བཞི་པས་རྗེས་སུ་གཟུང་ཚུལ་ནི་འོག་ཏུ་འཆད། Becoming Officer of Yar rgyab and Gong dkar, Marriage, Birth of an offspring དེ་ནས་རེ་ཤིག་གཞན་དབང་གི་བགོམ་པར་བྱ་བའི་གནས་མ་ཡིན་པ་ཡུམ་གྱི་དགོངས་པ་ལྷུར་མཛད་དེ། དགུང་ལོ་བཅུ་གསུམ་པ་མིག་དམར་ཅེས་པ་ཤིང་ཕོ་བྱི་བ་ལ་ཕོ་བྲང་སྣེའུ་གདོང་དུ། གོང་མ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་དྲུང་གིས་ཡར་རྒྱབ་དཔོན་ཆེན་གྱི་ལས་ཁ་གནང་། ཐུགས་ལྷག་པར་དགྱེས་པ་ཆེན་པོའི་ངང་ནས་བསྟི་སྟངསྟངས་ཆེར་མཛད་ཅིང་། སྐུའི་དཀྱིལ་འཁོར་[A:25]མཐོང་བ་ཙམ་གྱིས་གཞན་ལས་ཁྱད་པར་འཕགས་པས། དྲུང་སྐོར་ཕལ་ཆེར་གཟི་མདངས་ཀྱི་ཟིལ་གྱིས་མནན་པ་ལས་ཀུན་གྱིས་བཀུར་ཞིང་བསྔགས་པར་མཛད། དེ་ནས་རིམ་པས་དགུང་ལོ་བཅོ་ལྔ་པ་འཕེལ་བ་ཞེས་པ་མེ་ཕོ་སྟག་གི་ལོ་ལ་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་གྱི་བསྐོན་འཇའ་བཞེས་ཏེ་ཕྱགས་ཕབཕེབས། རྒྱལ་སྲིད་ཀྱི་མངའ་རིས་བྱམས་པ་ཆེན་པོས་བདེ་བར་འཚོ་བ་དང་། གཞན་སྡེ་མི་སྲུན་པའི་ཚོགས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་ཚར་གཅོད་པ་དང་། རྗེས་སུ་འཛིན་པ་སོགས་ཀྱི་ལེགས་པར་བསྐྱངས་པ་དང་། ས་མཆོག་ལྟ་བུའི་རིགས་རྒྱུད་རྣམ་པར་དག་པ་མི་འཆད་པའི་སླད་དང་། སྐྱེ་དགུ་ཀུན་གྱི་ཁ་ན་མ་ཐོ་བ་སྤང་བའི་ཆེད་དུ། བཙུན་མོ་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་མཚན་ལྡན་ཁབ་ཏུ་བཞེས་ཏེ་སྤྲུལ་པའི་སྲས་བསྐྲུན་པ་སོགས་ཀྱི་སྣང་ཚུལ་སྔོན་ཐུབ་པའི་དབང་པོའི་མཛད་པ་ལྟར་ཕྱི་རོལ་དུ་བསྟན་ཞིང་། Receiving relgious instructions and engaging in tantric practice, building storey of Spel chen ཐ་སྙད་ཀྱི་གཙུག་ལག ནང་དོན་དུ་འདི་དག་གི་སྐབས་སུ་ཡང་བླ་མ་དམ་པ་རྣམས་ལ་ཆོས་གསན་པ་དང་། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་སོགས་ལ་བརྩོན་ཞིང་། དེ་དག་གི་དུས་སུ་མནལ་གྱི་མི་རྫི་བའི་ཕྱིར་གཟིམས་ཆུང་དུ་དབུ་ཚར་སྲད་བུའི་རྒྱུན་ཐོག་ལ་བཏགས་ནས་ཅུང་ཟད་མི་[A:26]གཡོ་བའི་ཚུལ་ཡང་མཛད། གར་འཆམས་ཕྱག་ལེན་གྱི་རིམ་པ་དང་། ཐ་སྙད་ཀྱི་གཙུག་ལག་སོགས་ལ་ཡང་བར་མ་