[B:1b]Refugeན་མོ་དྷརྨ་སྭཱ་མི་སརྦ་ཛྙཱ་ནནྡ་བི་ཛ་ཡ་ཤྲཱི་བྷ་དྲ་པཱ་དཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་ཤིང་ལུས་པ་མེད་པ་གཅིག་ཏུ་བསྡུས་པའི་བདག་ཉིད་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དཔལ་ལྡན་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་མཛོད་ཅེས་བྱ་བ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཅན་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
ཨེ་ཝཾ་གཉིས་མེད་བདེ་ཆེན་སྐུ་ནི་སྲིད་ཞིའི་རྣམ་རོལ་ཅིར་ཡང་འཆར། །
ཡན་ལག་རྒྱ་མཚོའི་གསུང་གི་གསང་