[B:10b]རྗེས་མཐུན་འཇུག་པར་མཛད། །
མི་ཡི་བདག་པོའི་སྒྱུ་འཕྲུལ་གྱིས། །
ཆོས་ཀྱི་རྒྱལ་ཐབས་ཁ་ལོ་བསྒྱུར། །
དགེ་བཅུའི་ཁྲིམས་ཀྱིས་ས་སྐྱོང་བ། །
ཟས་གཙང་སྲས་དང་ཁྱོད་མིན་སུ། །
འདམ་སྐྱེས་པདྨར་འདམ་མི་སྲིད། །
སྲིད་པའི་བདག་ཁྱོད་སྲིད་མི་ཆགས། །
ཆགས་པའི་དྲི་བྲལ་ཆགས་ཆེན་མཆོག།
མཆོག་ཁྱོད་ངོ་མཚར་མཆོག་གི་གཏེར། །
དཔལ་ལྡན་བླ་མ་[A:28]དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་འཇིག་རྟེན་དང་མཐུན་པར་སྤྱད་པའི་སྐབས་ཏེ་བཞི་པའོ། ༎ །
CHAPTER 5: Entering the Buddhist Path, i.e. taking vows A: pp. 28-32; B: ff. 10b1-12a1; C: pp. 21-24
ལྔ་པ་བསྟན་པ་ལ་ཞུགས་ནས་ཚུལ་ཁྲིམས་ཀྱི་ནོར་གྱིས་ཕྱུག་པའི་ཚུལ་ནི།
ཀུན་ཏུ་སྒྲིབ་བྲལ་མཁྱེན་པའི་སྤྱན་ཡངས་པ། །
དགའ་ལྡན་ལྷ་བརྒྱའི་བླ་མ་མི་ཕམ་བཞིན། །
རྣམ་དག་སྤྱོད་པས་རྒྱལ་བའི་གདུང་འཚོབ་པ། །
དཔལ་ལྡན་སྡོམ་བརྩོན་བརྟུལ་ཞུགས་བཟང་པོ་རྒྱལ། །
རྣམ་དག་ཁྲིམས་ཀྱི་རོལ་མཚོ་ལ་གནས་ཤིང་། །
རླབས་ཆེན་སྤྱོད་པའི་བང་རིམ་མངོན་མཐོ་བ། །
རིག་འཛིནརིམ་གཉིས་ཟུང་འཇུག་ཉི་ཟླའི་རྒྱུ་བ་ཅན། །
ཐུབ་བསྟན་གླིང་བཞིའི་དབུས་ན་མངོན་པར་འཕགས། །
དེ་ཡང་བདག་ཅག་གི་བླ་མ་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དེས། རྒྱལ་སྲིད་ཀྱི་འབྱོར་པ་སོགས་སྲིད་པའི་ཕུན་ཚོགས་ཐམས་ཅད་སྡུག་བསྔལ་གྱི་མེ་འོབས་ལྟ་བུ་དང་། དུག་དང་སྦྱར་བའི་ཁ་ཟས་བཞིན་དུ་གཟིགས། ། ཐར་པ་མྱ་ངན་ལས་འདས་པ་ནི་བསིལ་བའི་ཁང་པ་དང་གཏན་གྱི་བདེ་བར་དགོངས་ནས་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་བོར་ཏེ་བསྟན་པ་ལ་རིམ་གྱིས་འཇུག་པར་མཛད་པ་ནི།
Taking dge bsnyen vows and pre-novice ordination from Brag thog pa (place undefined), mother objects full ordination
དགུང་ལོ་ཉི་ཤུ་པ་སྐྱེ་བདག་ཅེས་[A:29]པ་ལྕགས་མོ་ལུག་གི་ལོ་ལ་ཐོག་མར་འགྲོ་བའི་བླ་མ་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ། བྲག་ཐོག་པ་ཆོས་ཀྱི་རྗེ་བསོད་ནམས་བཟང་པོའི་དྲུང་དུ་ཡོངས་རྫོགས་ཀྱི་དགེ་བསྙེན་དང་། རབ་ཏུ་བྱུང་བ་བསྒྲུབ་པ་ལ་ཐུགས་ཤིན་ཏུ་རིངས་ཀྱང་། ཡུམ་གྱི་དགོངས་པ་ཅུང་མ་ཁྲོལ་བས་དགོངས་ལྡན་གྱི་ཕྱིར་གཙུག་