R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 11a
[B:11a] ཕུད་ཙམ་བཞག་པའི་དབུ་སྒྲ་ཕལ་མོ་ཆེ་བསིལ་ཏེ་བར་མ་རབ་ཏུ་བྱུང་བ་མཛད། Novice Ordination from Byams pa gling pa (place undefined) དེ་ནས་ དགུང་ལོ་ཉི་ཤུ་རྩ་བདུན་་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོ་ལ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དཔལ་ཐུ་བཙུན་བསོད་ནམས་རྣམ་པར་རྒྱལ་བའི་དྲུང་དུ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་མནོས་ཏེ། མཚན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོར་གསོལ། སྐུ་བཙུན་པའི་མཆོག་ཏུ་གྱུར། bhikSu ordination from Byams pa gling pa at Gong dkar chos sde དེ་ནས་རིམ་གྱིས་ དགུང་ལོ་བཞི་བཅུ་རྩ་གསུམ་པའི་ཐོག་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ། དུས་ཚིགས་ལྔ་ལས་དཔྱིད་ཀྱི་དུས། ཟླ་བ་བཞི་ལས་དཔྱིད་ཟླ་གཉིས་པའི་གྲལ་ཚེས་བཟང་པོ་ལ། དཔལ་རྡོ་རྗེ་གདན་མི་འགྱུར་བདེ་བ་ཆེན་པོའི་གཙུག་ལག་ཁང་གི་གཟིམས་ཁང་ཕྱི་ནང་གི་གསུང་རབ་མ་ལུས་པས་ཕྱུག་པར་དོན་གྱི་སླད་དུ་མཚན་ནས་སྨོས་ན། མཁས་ཤིང་དངོས་གྲུབ་[A:30]བརྙེས་པའི་མ་ཧཱ་པཎྜི་ཏ་དཔལ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ་མི་ཕམ་དགའ་བའི་བཤེས་གཉེནཇིགསའཇིག་པ་མེད་པ་ཕྱོགས་ཀྱི་གོ་ཆ་ཞེས་པས་མཁན་པོ་དང་། མ་བྱོན་པའི་སངས་རྒྱས་གསུམ་པ་ཁ་ཆེ་བསོད་སྙོམས་པ་ཆེན་པོའི་སློབ་བརྒྱུད་ཚོགས་དགེ་འདུན་སྒང་པའི་མཁན་ཆེན་ཁྲི་ཐོག་ཏུ་བཞུགས་པ་རབ་འབྱོར་སེང་གེས་ལས་སློབ། རིན་པོ་ཆེ་པ་ཁྲོམ་ཡོན་པར་གྲགས་པ་ནམ་མཁའ་ལྷུན་བཟང་པས་གསང་སྟོན། བྱང་ཆུབ་སེམས་དཔའ་མཁན་ཆེན་ནམ་མཁའ་ཆོས་བཟང་དང་། མྱང་སྟོན་བདེ་ལེགས་བཟང་པོ་དང་། མྱང་སྟོན་བློ་གྲོས་པ་དང་། ཆེན་པོ་བསོད་ནམས་རྒྱལ་པོ་དང་། བྲག་དབེན་པར་གྲགས་པ་མདོ་སྔགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། གཞན་ཡང་མང་དུ་ཐོས་ཤིང་འདུལ་བ་འཛིན་པ་ཆེན་པོ་དུ་མས་ལས་ཀྱི་ཁ་སྐོང་མཛད་ནས། ཡོངས་སུ་དག་པའི་དགེ་འདུན་གྲངས་ཚང་ཞིང་མི་མཐུན་པ་མེད་པའི་དབུས་སུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་བརྙེས་པར་མཛད་པ་ལས་