R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 11b
[B:11b]བསྲུང་བྱ་ཕྲ་ཞིང་ཕྲ་བའི་གནས་ལའང་བག་དང་ལྡན་པར་མཛད་པས། དགེ་ལེགས་ཐམས་ཅད་ཀྱི་གཞི་ལྷག་པའི་ ཚུལ་ཁྲིམས་ཀྱི་བསླབ་པ་[A:31]རིན་པོ་ཆེའི་ནོར་གྱིས་ཡོངས་སུ་ཕྱུག་པའི་དུལ་བའི་གླང་ཆེན། མཐའ་ཡས་པའི་གདུལ་བྱའི་ཉོན་མོངས་པའི་ཚ་གདུང་སེལ་བར་མཛད་པའི་ཚུལ་ཁྲིམས་ཀྱི་དྲི་གཙང་སྐུ་ལུས་ལས་འདོམ་དྲུག་ཚུན་ཆད་དུ་ཁྱབ་པ་སོགས་ཀྱི་སྐུ་བཙུན་པའི་མཐར་ཐུག་པ་ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་གི་རྒྱན་དང་། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཡོན་གནས་གཅིག་པུར་གྱུར་ལ། དེའི་ཚེམཁན་པོ་ཉིད་ཀྱི་ཞལ་སྔ་ནས་ཀྱང་། ཤེས་བྱ་ཀུན་རིགཤེས་བྱ་ཀུན་རིག་ཐམས་ཅད་མཁྱེན། དགའ་ཆེན་ཧེ་རུ་ཀ་ཡི་དངོས། ་་་་ཅེས་སོགས་ད་ལྟ་དད་ལྡན་རྣམས་ཁ་ཏོན་དུ་བྱེད་པའི་བསྟོད་པ་ཤོ་ལོ་ཀ་གཅིག་པུ་འདི་ཉིད་ཀྱིས་ཆེད་དུ་བརྗོད་དེ་ལེགས་པར་བསྟོད་ཅིང་བསྔགས་པར་མཛད་དོ། ། དེ་ལ་འདི་སྐད་ཅེས་སྨྲ་སྟེ། ཚེ་སྲོག་མི་རྟག་སྦྲུལ་གྱི་ལྕེ་ལྟར་གཡོ། ། དཔལ་འབྱོར་དར་རྒུད་ཆུ་བོའི་སྐྱེ་འབྲི་བཞིན། ། སྙན་གྲགས་བྲག་ཆ་དང་མཚུངས་སྲིད་པའི་བདེ། ། ཨེ་རཎྜ་ཡི་ལྗོན་ཤིང་ལྟར་གཟིགས་པས། ། ངེས་འབྱུང་ག་བུར་གྲུ་ཆར་གྱིས་བརླན་པའི། ། བསླབ་གསུམ་ཧ་རི་ཙན་དན་རྒྱས་པའི་ནགས། ། ཚུལ་ཁྲིམས་མ་ལ་ཡ་ཡི་དྲི་བསུང་གིས། ། སྲིད་པའི་གདུང་སྐྱོབ་གྲིབ་བསིལ་གཅིག་པུར་གྱུར། ། སྡོམ་བརྩོན་ཉི་མ་གསར་པའི་ཐིག་ལེ་ནི། ། ངུར་སྨྲིག་ཐུན་མཚམས་སྤྲིན་གྱི་བླ་རེ་དང་། ། [A:32]བསླབ་གཞི་བྱེ་བའི་ཟེར་ཕྲེང་ལྡ་ལྡི་ཅན། ། ཆོས་འདུལ་པདྨའི་ཚལ་བཟང་བཞད་པའི་གཉེན། ། སྲིད་ལམ་དུབ་ལ་ཙན་དན་གྲིབ་བསིལ་ལྟུང་ལ་ལག་པའི་འཆེལ་ས་གཅིག། ། ལོག་ལམ་འཕྱན་ལ་ཐར་པའི་ཤིང་རྟ་འདོད་པའི་རིམས་ལ་གྲིབ་པའི་སྨན། ། རྨོངས་པའི་མུན་པར་སྣང་བ་མཚུངས་མེད་བཀྲེན་ཆེན་རྣམས་ལ་བདུད་རྩིའི་ཟས། ། ཀྱེ་ཧོ་འཁོར་བའི་ནགས་ནང་སྟོང་པར་ཚུལ་ཁྲིམས་དང་མཚུངས་རྩ་ལག་སུཏུ། ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས། བསྟན་པ་ལ་ཞུགས་ཤིང་ཚུལ་ཁྲིམས་ཀྱི་ནོར་