[B:12a]གྱིས་ཕྱུག་པའི་སྐབས་ཏེ་ལྔ་པའོ། ། ། །
CHAPTER 6: Religious Conduct and Spiritual Practice; A: pp. 32-39; B: ff. 12a1-14a3; C: pp. 24-29
དྲུག་པ་རྣམ་པར་དག་པའི་སྤྱོད་པ་རླབས་པོ་ཆེ་གཞན་ལས་ཁྱད་པར་དུ་འཕགས་པ་ཐུགས་ཉམས་སུ་བཞེས་པ་ནི།
ཀུན་ནས་ཕུལ་བྱུང་རིམ་གཉིས་རྣལ་འབྱོར་གྱིས། །
དཀའ་བྱེད་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཏེ། །
དཔལ་ལྡན་དམ་པའི་གོ་འཕང་མཆོག་བརྙེས་པ། །
བཟང་པོའི་ལམ་གྱི་སྲོལ་འབྱེད་གང་དེ་རྒྱལ། །
གདོད་ནས་གོ་འཕང་མཆོག་བརྙེས་ཀྱང་། །
སྐལ་ལྡན་འགྲོ་བའི་ལས་སྣང་དུ། །
བསླབ་པ་གསུམ་དང་འབྲེལ་བ་ཡི། །
ལམ་གྱི་བགྲོད་ཚུལ་ཇི་བཞིན་མཛད། །
དེ་ཡང་བདག་[A:33]ཅག་གི་བླ་མ་སྐྱེས་བུ་ཁྱུ་མཆོག་དམ་པ་དེ་སྔོན་ནས་ཞི་ཞིང་དུལ་ལ་བགྲོད་པར་བྱ་བའི་རྩེ་མོར་སོན་མོད། གཞན་སྣང་སྒྱུ་འཕྲུལ་གྱི་བཀོད་པ་ཙམ་དུ་དམ་པའི་སྤྱོད་ཚུལ་དང་ལྡན་ཞིང་བསྟན་པ་རིན་པོ་ཆེ་ལ་ཞུགས་ནས་རྣམ་པར་དག་པའི་ཁྲེལ་ཡོད་ཀྱི་བག་དང་བཅས་པས། ཕྱི་སོ་ཐར་གྱི་ཀུན་སྤྱོད་དམ་པའི་ཆོས་འདུལ་བ་ལས་ཇི་ལྟར་འབྱུང་བ་བཞིན་དུ་ལས་འབྲས་ཕྲ་མོའང་ཁྱད་དུ་མི་གསོད་ཅིང་། བསླབ་པའི་གནས་རྣམས་ལས་ཅུང་ཟད་ཀྱང་མི་གཡོ་བ་ལྷུར་ལེན་པ་དང་། ནང་བྱང་སེམས་ཀྱི་ཀུན་སྤྱོད་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྙིང་སྟོབས་མཆོག་ཏུ་གྱུར་ལ། གསང་བ་སྔགས་ཀྱི་ཀུན་སྤྱོད་ཕྱི་ནང་གསང་བ་ལྷའི་དེ་ཁོ་ན་ཉིད་དང་མ་བྲལ་བའི་ངང་ནས། བསྙེན་པ་དང་། སྒྲུབ་པ་དང་། མཆོད་པ་དང་། བསྟོད་པ་དང་། གཏོར་མ་སོགས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དུས་རྟག་ཏུ་མཉེས་པར་མཛད་པ་སྟེ།
List of Kun dga' rnam rgyal's daily practices; A: pp. 33.15-35.9; B: ff. 12a6-12b7; C: pp. 25-26
དེས་ན་ཞག་རེའི་ཐུགས་དམ་གྱི་རིམ་པ་ནི།་བཞེང་བའི་རྣལ་འབྱོར་གྱི་རྗེས་སུ་རྣལ་འབྱོར་དབང་ཕྱུག་གི་བསྲུང་བ་སྔགས་བརྒྱ་རེ་དང་བཅས་པ། འཁྲུལ་འཁོར་རླུང་སྦྱོར། ལམ་འབྲས་ཀྱི་དམིགས་པ་སོགས་རྒྱས་བསྡུས་སྐབས་[A:34]དང་སྦྱར་བ། ཛམ་ཆུ་དཀར་གཏོར་དང་བཅས་པའི་སྐབས་སུ་ཛམྦྷ་ལ་གཉིས་ལ་སྔགས་བརྒྱ་རེ།