R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 15b
[B:15b]མཁན་ཁྲག་མིག་མོན་པ་སྤུན་གསུམ་དང་བཅས་པའི་དབང་། བྱིན་རླབས་རྗེས་གནང་། ཡིག་ཆ་རྒྱ་གཞུང་། སྒྲུབ་དཀྱིལ། གཏོར་ཆོག་བསྲུང་ཟློག་སོགས་ལས་ཚོགས་དང་བཅས་པ་མཐའ་དག་གི་ལུང་། སྒྱུ་མ་[A:44]ཆེན་མོ་ལྷ་ལྔའི་དབང་། ཡང་རྣལ་འབྱོར་མའི་རྒྱུད་བདེ་ཆེན་རལ་པ་གཅིག་པ་ལྷ་ཉི་ཤུ་ལྔའི་དབང་། རྫོགས་རིམ། བཀའ་སྲུང་ཀཱ་ལ་དང་། བི་ཀཱ་ལ་ཞེས་བྱ་བ་གནོད་སྦྱིན་དམར་ནག་གི་རྗེས་གནང་། ཡིག་ཆ་རྒྱུད་མན་ངག་འགྲེལ་པ་དང་བཅས་པའི་ལུང་། གསང་འདུས་སྐོར་ལ། འདོད་ཆགས་ཆེན་པོའི་ཐབས་རྒྱུད་གསང་འདུས་མི་བསྐྱོད་རྡོ་རྗེ་འཕགས་ལུགས་ལྷ་སོ་གཉིས་ཀྱི་དབང་། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ་མའི་དབང་སྒྲུབ་དཀྱིལ་གྱི་ལུང་དང་བཅས་པ། ཡང་ཞེ་སྡང་ཆེན་པོའི་ཐབས་རྒྱུད་གཤིན་རྗེ་གཤེད་སྐོར་ལ། གཤེད་དམར་ལྷ་བཅུ་གསུམ་མ་དང་ལྷ་ལྔ་མའི་དབང་། རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པའི་ཉམས་ཁྲིད་དང་། དེ་དག་གི་རྒྱབོད་ཀྱི་ཡིག་ཆའི་རིམ་པ་མཐའ་དག་གི་ལུང་། དགྲ་ནག་བཅུ་གསུམ་མའི་དབང་། གཤིན་རྗེ་གདོང་དྲུག་གི་དབང་། རྡོ་རྗེ་འཇིགས་བྱེད་ལྷ་བཞི་བཅུ་རྩ་དགུའི་དབང་། ཡང་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་། རྡོ་རྗེ་འཇིགས་བྱེད་མལ་ལོའི་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་དང་། རྭ་ལུགས་རོ་ལངས་བརྒྱད་བསྐོར་གྱི་དབང་། ལས་ཀྱི་གཤིན་རྗེའི་རྗེས་གནང་། ཡིག་ཆ་རྭ་བོང་ཐེམ་ཡིག་ལུགས་བཞིན་[A:45]ཚང་མ་དང་། གཞན་ཡང་ཡིག་ཆ་མཐའ་དག་གི་ལུང་། གསང་སྔགས་སྔ་འགྱུར་རྙིང་མའི་སྐོར་ལ། ཡང་དག་ས་ལུགས་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་། རྡོ་རྗེ་ཕུར་པ་ས་ལུགས་ལྷ་ལྔའི་དབང་། ཕུར་སྲུང་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་གཉིས་ཀྱི་རྗེས་གནང་། དེ་རྣམས་ཀྱི་ཡིག་ཆ་རྒྱུད་རྒྱ་གཞུང་སྒྲུབ་དཀྱིལ་སོགས་ཀྱི་ལུང་། ཆོས་སྐྱོང་སྐོར་ལ། གུར་གྱི་མགོན་པོའི་དབང་རྗེས་གནང་གཉིས་ལས། དང་པོ་རྒྱ་གཞུང་ལུགས་གྲི་གུག་ལྷ་ལྔའི་