[B:17a]ཡིག་ཆའི་ལུང་དང་བཅས་པ།
སྒྲོལ་མའི་སྐོར་ལ།
ཉི་མ་སྦས་པའི་ལུགས་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་རྗེས་སུ་འབྲངས་པ་ལྷ་བཅུ་བདུན་གྱི་དབང་། རྡོ་རྗེ་སྒྲོལ་མ་ལྷ་ཉི་ཤུ་རྩ་གཅིག་གི་ལུས་དཀྱིལ་གྱི་དབང་། གཉན་ལོའི་ཐུགས་དམ་སྒྲོལ་མ་ཡན་ལག་དྲུག་པར་གྲགས་པའི་རྗེས་གནང་། མཚན་བརྒྱ་རྩ་བརྒྱད་དུ་གྲགས་པའི་བཟླས་ལུང་། སྒྲོལ་མ་དཀར་མོ་ཚེ་འཕེལ་བར་བྱེད་པའི་རྗེས་གནང་། སྒྲོལ་དཀར་གཉན་ལོའི་[A:49]ལུགས་ཀྱི་རྗེས་གནང་། སྒྲོལ་དཀར་པཎ་ཆེན་ལུགས་ཀྱི་རྗེས་གནང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་། དེ་དག་སོ་སོའི་ཡིག་ཆའི་རྣམ་གྲངས་རྒྱས་པ་དང་བཅས་པའི་ལུང་།
གཙུག་ཏོར་གདུགས་དཀར་གཱི་ཏི་ཝརྟའི་ལུགས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དབང་། རྗེས་གནང་། ཁྱད་པར་གྱི་དབང་། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། གཙུག་ཏོར་རྣམ་རྒྱལ་བ་རི་བའི་ལུགས་ལྷ་དགུའི་རྗེས་གནང་། གཙུག་ཏོར་དྲི་མེད་ཀྱི་རྗེས་གནང་། དེ་དག་གི་གཟུངསགཟུགས་དང་ཡིག་ཆའི་ལུང་།
བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང་། སོ་སོར་འབྲང་མ་གཙོ་བོར་བྱས་པའི་བསྲུང་བ་ལྔའི་དབང་། འོད་ཟེར་ཅན་གྱི་རྗེས་གནང་། རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་། དེ་རྣམས་སོ་སོའི་ཡིག་ཆའི་ལུང་དང་བཅས་པ།
སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་སྒྲུབ་ཐབས་ལས་ཚོགས། སྨན་བླ་སྤྲུལ་སྐུའི་རྗེས་གནང་དང་མདོ་ཆོག་གི་ལུང་། གཡུལ་ལས་རྣམ་པར་རྒྱལ་བའི་རྗེས་གནང་། ཡིག་ཆའི་ལུང་།
རྡོ་རྗེ་ཕྲེང་བ་ཞེས་པ་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀྱིལ་འཁོར་རྣམས་ཀྱི་[A:50]དབང་ལེགས་པར་གསན་པའི་རྣམ་གྲངས་ནི།
གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ། མི་བསྐྱོད་པ་ལྷ་སོ་གཉིས། ཁ་སྦྱོར་རྡོར་སེམས་ལྷ་སོ་བདུན། ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། ཀྱེ་རྡོ་རྗེ་མཚོན་ཆ་ཅན་ཕྱག་གཉིས་པ། ཕྱག་བཞི་པ། ཕྱག་དྲུག་པ། ཕྱག་བཅུ་དྲུག་པ་རྣམས་ལྷ་བཅུ་བདུན་