R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 18a
[B:18a]བསྐོར་ གསུམ་སོགས་མཐའ་དག་ གི་ལུང་། དཔལ་ས་སྐྱ་པའི་གསེར་ཆོས་དམར་པོ་སྐོར་གསུམ་ལས། ཀུ་རུ་ཀུལླེ། ཁྲོ་བོ་འདོད་པའི་རྒྱལ་པོའམ། བཀག་ཆོལ་མ། ཚོགས་བདག་དམར་པོ་ཕྱག་[A:52]བཅུ་གཉིས་པ་རྣམས་སོ་སོའི་རྗེས་གནང་། ཡང་ཚོགས་བདག་དཀར་པོ་ཕྱག་བཞི་པའི་རྗེས་གནང་། ཚོགས་བདག་དཀར་པོ་ཞལ་གསུམ་ཕྱག་དྲུག་པའམ་ཆགས་པའི་རྡོ་རྗེར་གྲགས་པའི་རྗེས་གནང་། གཉན་ལོ་ནས་བརྒྱུད་པའི་དམར་ཆུང་སྐོར་གསུམ་ལས། ཀུ་རུ་ཀུལླེ། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་རྣམས་ལ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་དུ་གྲགས་པའི་སོ་སོའི་རྗེས་གནང་། དེ་རྣམས་སོ་སོའི་ཡིག་ཆ་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་མ་ཚང་པ་མེད་པའི་ལུང་། རྣམ་སྲས་རྟ་བདག་བརྒྱད་ཀྱི་བསྐོར་བའི་རྗེས་གནང་། མདུང་དམར་ཅན་གྱི་རྗེས་གནང་། ལྗང་གུ་ཀླུ་བརྒྱད་ཀྱིས་བསྐོར་བ། མཐིང་ཁ་ཞལ་གསུམ་ཕྱག་དྲུག་ལྷ་མོ་བརྒྱད་ཀྱི་བསྐོར་བ། ཤུ་རངྒ་ཝརྨྨ་ལུགས་ཀྱི་རྣམ་སྲས་ཨ་པ་ར་ཛི་ཏ། མདུང་དམར་ཅན་བཀའ་གཏེར་གཉིས་དང་བཅས་པའི་སྒྲུབ་ཡིག་ལས་ཚོགས་མ་ཚང་བ་མེད་པའི་ཡིག་ཆའི་ལུང་། ཡང་སློབ་དཔོན་པདྨ་སམྦྷ་བའི་ལུགས་ཀྱི་རྣམ་སྲས་གཏེར་མ། སྤྲིན་གསེབ་ནང་རྟ་བདག་བརྒྱད་དང་། ཀླུ་མོ་གཉིས་དང་མཛོད་པའི་སྒྲུབ་ཐབས། རྡོ་རྗེ་སྲིད་རྒྱལ་གྱི་སྒྲུབ་ཐབས། འཇོམས་བྱེད་རྩལ་ཁྱི་ཅན་མཚོན་སྲུང་གི་མན་ངག་སོགས་[A:53]དང་། མགོ་བརྙན་ཅན་བརྒྱད་ཀྱི་སྒྲུབ་ཐབས། ལས་སྦྱོར་ལོ་རྒྱུས་དང་བཅས་པ། ཛམྦྷ་ལ་ནག་པོ་སྦས་པ་བུམ་འཁྱིལ་གྱི་རྗེས་གནང་དང་དེ་དག་གི་ཡིག་ཆའི་ལུང་། ཛམྦྷ་ལ་དམར་པོ་གཏེར་མ་གྲྭ་པ་མངོན་ཤེས་ལུགས་ཀྱི་རྗེས་གནང་དང་། ཡིག་ཆའི་ལུང་། པཎ་ཆེན་ལུགས་ཀྱི་ཛམྦྷ་ལ་ནག་པོ་ཞལ་གསུམ་ཕྱག་དྲུག་གི་བསྐྱེད་རྫོགས་ལ་བརྟེན་ནས་མཆོག་སྒྲུབ་པ་སོགས་ཀྱི་སྒྲུབ་ཡིག་གི་བཀའ་ལུང་། ཡང་ཇོ་བོ་རྗེས་ཛམྦྷ་ལ་ལ་བརྟེན་པའི་མཐུན་རྐྱེན་སྒྲུབ་པའི་མན་ངག་རི་ཁྲོད་པའི་