[B:20b]དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་[A:60]ཆེན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་དུ་བཀའ་དྲིན་ནོད་པ་ནི།
དཔལ་འཁོར་ལོ་བདེ་མཆོག་གྲུབ་པའི་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ། གསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་དབང་། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་མཚན་མ་བཞི་བཅུས་བསྐོར་བའི་དབང་ཡོངས་སུ་རྫོགས་པ།
རྣལ་འབྱོར་རྒྱུད་ཀྱི་སྐོར་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྩ་བའི་ལྷ་སུམ་ཅུ་རྩ་བདུན་སྐལ་བཟང་གི་སེམས་དཔའ་དགུ་བརྒྱ་དང་དགུ་བཅུ་རྩ་དྲུག་རྣམས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཀུན་སྙིང་དཀྱིལ་ཆོག་ལུགས་སུ་དབང་སྩལ། ཡང་རྡོ་རྗེ་དབྱིངས་ཀྱི་འགྲེལ་ཆེན་དེ་ཉིད་སྣང་བའི་དགོངས་པ་ལྟར་མཛད་པ་འགྲེལ་པ་ལུགས་སུ་གྲགས་པའི་དབང་། ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་རྩ་བའི་ལྷ་སུམ་ཅུ་རྩ་བདུན། མཆོད་པའི་ལྷ་མོ་སོ་གཉིས། སྐལ་བཟང་ཁྲོ་བོ་དགུ་བརྒྱ་དང་དགུ་བཅུ་རྩ་དྲུག་ཕྱི་རོལ་རྡོ་རྗེའི་རིགས་ལྷ་བཞི་བཅུ་རྩ་གཉིས་དང་བཅས་པའི་དབང་། རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་གཞི་དཀྱིལ་སྒོ་ཉིས་སྦྲགས། ནང་དཀྱིལ་དགུ་དང་བཅས་པ་ལ་ལྷ་སྟོང་དང་ཉིས་བརྒྱ་བདུན་ཅུ་རྩ་གཅིག་གི་རྡུལ་ཚོན་གྱི་དཀྱིལ་[A:61]འཁོར་དུ་དབང་རྫོགས་པ། དཔལ་མཆོག་རིགས་བསྡུས་པའི་གཞི་དཀྱིལ་སྒོ་ཉིས་སྦྲགས། ནང་དཀྱིལ་བཅུ་བདུན་ལ་ལྷ་གྲངས་སུམ་བརྒྱ་དང་སུམ་ཅུ་རྩ་དགུའི་དཀྱིལ་འཁོར་དུ་དབང་རྫོགས་པ། དཔལ་མཆོག་རིགས་སོ་སོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་རྫོགས་པ། བཅོམ་ལྡན་འདས་ཀུན་རིག་སྒོ་ཉིས་སྦྲག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་འགྲོན་ཐབས་ཀྱི་ལྷ་དྲུག་བཅུ། དཔལ་མགོན་བདུན་ཅུ་རྩ་ལྔ་དང་བཅས་པའི་གཅུར་ལུགས་ཀྱི་དབང་། འཆི་བདག་འཇོམས་པ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་གཅུར་ལུགས་ཀྱི་དབང་། སྦྱོང་རྒྱུད་ནས་གསུངས་པའི་ཤཱཀྱ་སེང་གེའི་དཀྱིལ་འཁོར་རྩ་བའི་ལྷ་སུམ་ཅུ་