R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 2b
[B:2b]དང་བློ་ཡི་ནོར་ལྡན་དུ་མའི་གསུང་གིས་ནི། །ཡང་ཡང་བསྐུལ་ངོར་རྣམ་ཐར་ཟབ་ཡངས་གཏིང་མཐའ་མེད་པའི་ཆུ་གཏེར་ལས། ཆུ་ཐིགས་ཙམ་ཞིག་བླངས་པ་འདི་ཡང་ས་གསུམ་འགྲོ་བློའི་གདུང་སེལ་ཡིན། །གང་ཞིག་ཐོས་པས་དད་ལྡན་ལུསལས་ལ་དགའ་བའི་སྤུ་ལོང་མངོན་པར་གཡོ། ། དྲེགས་པས་བསྒྱིངས་གང་བཞིན་གྱི་དཀྱིལ་འཁོར་དམའ་བའི་ས་ལ་དུད་པར་འགྱུར། ། ཕྲག་དོག་ཅན་རྣམས་ཡིད་ནི་ཟུག་རྔུས་རབ་མནར་ཚེར་མའི་མལ་དུ་ཉལ། ། གཟུར་གནས་རྣམས་ནི་གྲགས་པའི་བ་དན་ཕྱོགས་བཅུར་བསྒྲེང་ལ་ལྷག་པར་བརྩོན། ། དྲི་ཞིམ་ལྷ་ཡི་མནྡཱ་ར་བས་ཀུན་ནས་ཁེབས་པའི་པད་རྫིང་དང་། ། སྐབས་གསུམ་ལག་པས་ཡོངས་འདུའི་འགྲམ་པ་གཏར་བ་ལས་བྱུང་བདུད་རྩིའི་ཟས། ། དམ་པའི་རྣམ་ཐར་ངོ་མཚར་གཟུགས་བརྙན་མ་ལུས་རྣམ་བཀྲའི་མེ་ལོང་གིས། ། ཡིད་ནི་ཀུན་ནས་འཕྲོག་པར་མི་འགྱུར་དེ་འདྲའི་སྐྱེ་བོ་ཕྱུགས་སམ་ཅི། ། དེང་འདིརཀུན་མཁྱེན་བླ་མའི་མཛད་བཟང་རྨད་བྱུང་ཅུང་ཟད་བརྗོད་པའི་གཏམ། ། སྐལ་བཟང་རྣ་བའི་བཅུད་ལེན་[A:4]རྒྱས་བྱེད་ལྷ་ཡི་རོལ་མོ་ཆེར་སྒྲོགས་ཀྱིས། ། ལྷ་མི་ཀླུ་དང་དྲི་ཟ་ལ་སོགས་ཁམས་གསུམ་པ་རྣམས་གུས་ཉོན་ལ། ། ཤཱཀྱའི་མཛད་དང་ཁྱད་པར་ཅི་མཆིས་གཟུ་བོའི་བློ་ཡིས་ད་སོམས་ཤིག། Origin and Spread of Buddhism in India and Tibet དེ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གིས་བདག་གིར་བཞེས་ནས། ཞིང་འདིའི་ཡང་སྙིང་པོ་རྡོ་རྗེ་གདན་གྱི་སྤོ་ལ་བྱང་ཆུབ་ཆེན་པོའི་གོ་འཕང་དམ་པ་མངོན་དུ་མཛད་དེ། ཆོས་ཀྱི་ཉི་མ་བརྡལ་བས་གདུལ་བྱ་བསམ་གྱིས་མི་ཁྱབ་པ་དག་འཁོར་བའི་མུན་པ་སྟུག་པོ་ལས་བསྒྲལ་ནས། ཐེག་པ་གསུམ་གྱི་གོ་འཕང་དམ་པའི་དཔལ་ལ་ལོངས་