R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 21b
[B:21b]རིའི་ལུགས་ཚེ་དཔག་མེད་ལྷ་དགུའི་དབང་སྐུ་ཕྲ་མོའི་དུས་གསན་ནོ། ། Teachings from bKa' 'gyur ba ShAkya rgyal mtshan; A: pp. 63-67 Kanjur transmission ཡང་ཐུབ་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་བཀའ་དེའི་དགོངས་འགྲེལ་རྒྱབོད་ཀྱི་བསྟན་བཅོས་དྲི་མ་མེད་པ་མང་དུ་གསན་པ། རྒྱ་མཚོ་ཆེན་པོའི་མཐར་སོན་ཞིང་། ཐེག་པ་མཆོག་གི་བྱང་ཆུབ་ཀྱི་སྤྱོད་པ་རིན་པོ་ཆེའི་གླིང་ལ་མངའ་དབང་འབྱོར་བ། བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་མཚུངས་པ་མེད་པའི་ཆོས་ཀྱི་རྗེ། རྒྱལ་བའི་སྲས་པོ་སེམས་དཔའ་ཆེན་པོ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་པའི་དྲུང་དུ་སངས་རྒྱས་ཀྱི་སར་བསྙེག་པའི་བློ་གྲོས་དང་སྐལ་བ་ཅན་རྣམས་ཀྱི་འཇུག་ངོགས་བསྟན་པ་རིན་པོ་ཆེའི་སྙིང་པོ་ཟབ་མོ་རྡོ་རྗེ་ཐེག་པའི་བཀའ་དྲི་མ་མེད་པ། ཐོག་མར་གསང་སྔགས་གསར་མའི་རྒྱུད་འབུམ་གྱི་ལུང་གསན་པ་ལ། དཔལ་ཀྱེ་རྡོ་རྗེའི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པ་ལས་བྱུང་བ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ་སོགས་པ་རྒྱུད་སྡེ་གོང་འོག་གི་རྒྱུད་ཀྱི་རྣམ་[A:64]གྲངས་བརྒྱ་ཕྲག་གཉིས་དང་སུམ་ཅུ་རྩ་བརྒྱད། གཟུངས་ཀྱི་ཚན་པ་བརྒྱ་དང་བརྒྱད་ཅུ་རྩ་ལྔ་རྣམས་ལ་པོ་ཏི་བཅུ་བདུན་དཀར་ཆག་ལུགས་བཞིན་ཚང་བར་ཐུགས་རྒྱུད་གཏམས་པར་མཛད། ཡང་མདོ་མང་གི་སྐོར་གསན་པ་ལ། མདོ་སྡེ་བསྐལ་པ་བཟང་པོ་ལ་སོགས་མདོ་ཚན་སུམ་བརྒྱ་དང་བཅུ་ཕྲག་གཅིག་བཀའ་ལུང་དཀར་ཆག་ལུགས་བཞིན་པོ་ཏི་ཆེ་བ་བཅུ་ཕྲག་གསུམ་དུ་བྱས་པ་རྣམས་གསན་ནོ། ། ཡང་གོང་དུ་མ་འདུས་པའི་མདོའི་ཚན་པ། མདོ་མྱང་འདས་ཆེན་པོ་རྒྱ་ནག་འགྱུར་བམ་པོ་ཞེ་བརྒྱད་དམ་ང་གཉིས་མ། གཙུག་ཏོར་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉེ་ཚེ་ཕྱུང་བ་ལེའུ་དང་པོ་དང་འདི་གཉིས་དབྱངས་གཞི་ཅན་དུ་འདུག་ལེའུ་གཉིས་པ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོའི་མདོ་ལས་བམ་པོ་གཉིས་ཡོད་པ་དང་། གསེར་འོད་དམ་ཆེན་བམ་པོ་བཅུ་པ། ཐབས་ལ་མཁས་པ་སངས་རྒྱས་དྲིན་ལན་བསབ་པ། ཚེ་དཔག་མེད་རྒྱས་པ། རི་བོ་ཆེན་པོའི་མདོ། འོད་ཟེར་ཅན་གྱི་མདོ། ཡང་དམ་པའི་ཆོས་ཤིན་ཏུ་རྒྱས་པ་