[B:24a]པའི་དཀྱིལ་འཁོར་གསུམ་དང་བཅས་པ་བཞི་བཅུ་རྩ་བརྒྱད་རྣམས་རྒྱུད་སྡེ་སོ་སོར་ཕྱེ་སྟེ། དུས་རེར་བཞི་ཕྲག་མར་བསྐུར་བའི་ལུགས་བཞིན་ཡོངས་སུ་རྫོགས་པར་གསན་པ་མཛད་ཅིང་། རྗེ་ཀུན་བཟང་རྩེ་པ་ཉིད་ཀྱིས་མཛད་པའི་རྫོགས་ཕྲེང་གི་ངག་འདོན་ཡང་གསན་ནོ། །
Empowerment into maNDalas of 21 TAra-s
འཕགས་མ་སྒྲོལ་མ་ཉེར་གཅིག་ལས་རབ་ཏུ་དཔའ་བའི་སྒྲོལ་མ། ཟླ་མདངས་སྒྲོལ་མ། གསེར་མདོག་ཅན་གྱི་སྒྲོལ་མ། [A:72]གཙུག་ཏོར་རྣམ་པར་རྒྱལ་བའི་སྒྲོལ་མ། ཧཱུཾ་སྒྲ་སྒྲོག་པའི་སྒྲོལ་མ། འཇིག་རྟེན་གསུམ་ལས་རྒྱལ་བའི་སྒྲོལ་མ། རྒོལ་བ་འཇོམས་པའི་སྒྲོལ་མ། དབང་མཆོག་སྟེར་བའི་སྒྲོལ་མ། སེང་ལྡེང་ནགས་ཀྱི་སྒྲོལ་མ། མྱ་ངན་མེད་པའི་སྒྲོལ་མ། འགྲོ་བ་འགུགས་པའི་སྒྲོལ་མ། བཀྲ་ཤིས་སྣང་བའི་སྒྲོལ་མ། སྨིན་པར་བྱེད་པའི་སྒྲོལ་མ། རབ་ཏུ་ཁྲོས་པའི་སྒྲོལ་མ། རབ་ཏུ་ཞི་བའི་སྒྲོལ་མ། ཆགས་པ་འདོམས་པའི་སྒྲོལ་མ། བདེ་ལེགས་སྦྱིན་པའི་སྒྲོལ་མ། རྣམ་པར་རྒྱལ་བའི་སྒྲོལ་མ། སྡུག་བསྔལ་བསྲེག་བྱེད་སྒྲོལ་མ། དངོས་གྲུབ་འབྱུང་བའི་སྒྲོལ་མ། ཡོངས་སུ་རྫོགས་བྱེད་སྒྲོལ་མ་སྟེ་ཉི་ཤུ་རྩ་གཅིག་པོ་རེ་རེ་ལ་ལྷ་བཅུ་དྲུག་རེས་བསྐོར་བའི་བཅུ་བདུན་མའི་དཀྱིལ་འཁོར་ཉེར་གཅིག་སོ་སོར་དབང་བཞི་ཡོངས་སུ་རྫོགས་པ་རེ་གསན།
སློབ་དཔོན་རཏྣ་ཀཱིརྟིས་མཛད་པའི་སྒོ་དྲུག་གཟུངས་ཆོག་དཀྱིལ་འཁོར་སྒོ་ཉིས་སྦྲག་ལྷ་བརྒྱ་དང་སུམ་ཅུ་རྩ་གཉིས་ཀྱི་ལྷ་སོ་སོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་པ་གཏད་པའི་དབང་གི་ཆོ་ག་ཡང་གསན། སྨན་ལྷ་ལོངས་སྐུ་ལྷ་ལྔ་བཅུ་ང་དགུའི་དཀྱིལ་འཁོར་དུ་བྱ་རྒྱུད་ལུགས་ཀྱི་དབང་། ཡང་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ལཱུ་ཧི་པ་ནས་ཡེ་ཤེས་མྱུ་གུ་པའི་[A:73]བར་གྱི་རྗེས་སུ་གནང་བ།
ཡང་རྣམ་སྲས་སྐོར་ལ། རྣམ་སྲས་གསང་སྒྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཡུམ་གཙུག་ཕུད་དམར་མོ་དང་བཅས་པའི་རྗེས་གནང་། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་འབྲུག་ལ་ཞོན་པ་ལྷ་བརྒྱད་མ། མདུང་དམར་ཅན་གསང་བ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་གསུམ། མདུང་དམར་ཅན་ནང་མ་མོ་ལྟར་སྒྲུབ་པ་བདུད་མོ་བཞི་དང་རྒྱལ་ཆེན་བཞིས་བསྐོར་བ་ལྷ་དགུ། དྲེག་བྱེད་ནག་པོ་ཀླུ་བརྒྱད་ཀྱིས་བསྐོར་བ་རྣམས་ཀྱི་སོ་སོར་རྗེས་གནང་། དཔལ་དུས་ཀྱི་འཁོར་ལོའི་བསྡུས་