[B:25a]མ་གུ་རུ་ཆོས་དབང་ལུགས་ཀྱི་དབང་བསྐུར་ཆེན་མོ་ལྔར་ལས་སོ་སོར་གསན།
བཀའ་བརྒྱད་ཀྱི་རྒྱུད་གསང་བ་འདུས་པའི་ལུང་དང་། བཀའ་བརྒྱད་སྐོར་གྱི་ཡིག་ཆ་ཐམས་ཅད་ཀྱང་ཆོས་འདི་པ་རང་གི་ལུགས་བཞིན་བོད་ལུང་དུ་མ་ཚང་བ་མེད་པ། ཙ་རིའི་ཞིང་སྐྱོང་སེང་གདོང་གི་བཀའ་གཏེར་གཉིས་ཀའི་རྗེས་གནང་སོ་སོ། ཡང་སྒྱུ་འཕྲུལ་ཞི་བ་ལྷ་བཞི་བཅུ་རྩ་གཉིས་དང་། ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་སོ་སོར་དབང་རྫོགས་པ། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་ཡང་ཟེར། ན་རཀ་དོང་སྤྲུགས་ལྷ་དམ་པ་རིགས་བརྒྱ་ཡང་ཟེར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་། འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་དུ་དབང་། ཕུར་པ་རྩ་དུམ་ཆོས་དབང་གི་མཆན་དང་བཅས་པའི་ལུང་། ཕུར་པ་ལྷ་ནག་གི་དབང་གོང་མ་དང་བཅས་པའི་དབང་། ཕུར་པ་ཡང་གསང་སྤུ་གྲིའི་དབང་། ཕུར་པ་མན་ངག་དྲུག་པའི་དབང་། རྟ་མགྲིན་ལྷ་བཞི་ལྷོ་འགྲིམས་སུ་གྲགས་པའི་དབང་། རྟ་མགྲིན་ཤྭ་ན་[A:76]བཞིས་བསྐོར་ཇོ་བོ་ལུགས་སུ་གྲགས་པའི་དབང་། ཤངས་པ་ནས་བརྒྱུད་པའི་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་མ་ནིང་དྲེགས་པའི་སྲོག་དབང་། ཡང་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་དཀྱིལ་འཁོར་ཏུ་རྫོགས་པར་གསན།
ཡང་ལུང་ཨ་ནུ་ཡོ་ག་ལས་ཀུན་འདུས་རིག་པའི་མདོ་དང་། དེའི་བཤད་རྒྱུད་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལས་བྱུང་བའི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཆེན་པོ་ཡན་ལག་དང་བཅས་པ་དཀྱིལ་འཁོར་སྒོ་བཅུ་གཅིག་སྦྲགས་ཏུ་དབང་རྫོགས་པར་གསན་ཞིང་། སེམས་སྡེའི་ཡིག་ཆ་མ་ལྔ་དང་། བུ་བཅུ་གསུམ་རྣམས་ཀྱི་ལུང་། རྩ་རྒྱུད་ཀུན་འདུས་རིག་པ། མདོ་དབང་གི་དབང་ཆོག་བླ་མ་ཀ་ཐོག་པས་མཛད་པ།
དམ་ཚིག་གསལ་བཀྲ་གསུམ་གྱི་ལུང་དང་ལུང་ཁྲ་མོ་བྲག་གི་གཏེར་ལས་བྱུང་བའི་ཡི་དམ་དྲེགས་པ་ཀུན་འདུལ་གྱི་ཆོས་