[B:25b]སྐོར་ལ། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དབང་བཀའ་གཏད་དང་བཅས་པ་རྫོགས་པར་གསན་ནོ། །
ཡིག་ཆའི་རིམ་པ་ནི། རྒྱུད་ཀླུ་འདུལ་ནག་པོ་སོགས་ཆོས་མཚན་བདུན་བཅུ་རྩ་དགུའི་ལུང་མ་ཚང་བ་མེད་[A:77]པར་གསན། རྒྱུད་གསང་སྙིང་གི་འགྲེལ་པ། སྤར་ཁབ་ཀྱི་བཤད་བཀའ། སྒྱུ་འཕྲུལ་ལམ་རིམ་གྱི་བཤད་བཀའ། གཟའ་མཆོག་རཱ་ཧུ་ལ་དུག་གི་སྤུ་གྲིའི་དབང་དང་། དེའི་སྒྲུབ་ཡིག་གི་རིམ་པ། སྒྲུབ་ཐབས། དུག་གི་སྤུ་གྲི་སོགས་ཉི་ཤུ་རྩ་གཅིག་གི་ལུང་། དོ་ཧ་སྐོར་གསུམ་སྟོད་ལུགས་སྨད་ལུགས། དམ་པ་དོ་ཧ་གསུམ་ཡང་གསན། པོ་ཏོ་བའི་གསུང་རྒྱུན་བེའུ་བུམ་སྔོན་པོ་རྩ་འགྲེལ་གྱི་ལུང་རྣམས་སོ། །
Teachings from sTag tshang lo tsa ba Shes rab rin chen; A: pp. 77-78; B: ff. 25b-26a
ཡང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོའི་གདན་ས་སྟག་ཚང་ཆོས་འཁོར་སྒང་གི་སྐད་གཉིས་སྨྲ་བ་ལོ་ཆེན་ཤེས་རབ་རིན་ཆེན་གྱི་དྲུང་དུ། གཙོ་བོར་ཀ་ལཱ་པ་ལ་སོགས་པ་སྒྲའི་གཙུག་ལག་མཐའ་དག་ལ་མཁས་པར་མཛད་ཅིང་། གཞན་ཡང་ཀྱེ་རྡོ་རྗེ་མཚོན་ཆ་ཅན་གྱི་དབང་། ཁ་སྦྱོར་རྡོར་སེམས་ཀྱི་དབང་། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུ། དམ་ཚིག་རྡོ་རྗེ་ལྷ་བཅུ་དགུ་བདུད་རྩི་འཁྱིལ་བ། ལྷ་བཅུ་དགུ་མ་རྣམས་ཀྱི་དབང་། གསང་འདུས་ཀྱི་སྒྲུབ་དཀྱིལ་སོགས་ཀྱི་ལུང་། འཇིགས་བྱེད་སྐྱོ་ལུགས་ལྷ་བཅུ་བདུན་མའི་དབང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ། གུར་ལས་[A:78]གསུངས་པ་རྡོ་རྗེའི་སྒྲོལ་མ་ལྷ་བཅུ་གཅིག་གི་དབང་། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་མཉམ་མེད་ཤཱཀྱའི་རྒྱལ་པོའི་དཀྱིལ་འཁོར་དམ་ཚིག་གསུམ་བཀོད་ཀྱི་དབང་། གཟའ་ཡུམ་གྱི་དབང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་ཁྲིད་གླེགས་བམ་ཚང་མའི་ལུང་དང་བཅས་པ། བློ་སྦྱོང་མཚོན་ཆ་འཁོར་ལོ་དང་། བློ་སྦྱོང་སེམས་དཔའི་རིམ་པ་གཉིས། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུར་གྲགས་པའི་བྱམས་ཆོས་ལྔ། པྲ་ཀ་ར་ཎ་སྡེ་བརྒྱད། ས་སྡེ་ལྔ། སྡོམ་