R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 26a
[B:26a]གཉིས་དང་བཅས་པའི་ལུང་། འདུལ་བ་མདོ་རྩདེའི་འགྲེལ་པལོ་ཙཱ་བ་འདི་ཉིད་ཀྱིས་མཛད་པ་སོགས་ཀྱི་སྟེང་ནས་གསན་སྦྱོང་མཐར་ཕྱིན་པ་མཛད། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་རྣམས་ལེགས་པར་གསན་ལ། དེའི་ཚེ་ཡང་ལོ་ཆེན་ཉིད་ཀྱིས་དཔལ་ལྡན་ལེགས་ཚོགས་ཞེས་པའི་རྗེ་འདི་ཉིད་ཀྱི་རྣམ་ཐར་བསྟོད་པ་ཞིག་ཀྱང་མཛད་དོ། ། Teachings from rNgog Byang chub dpal; A: pp. 78-79 ཡང་རྗེ་བཙུན་མར་པ་ལོ་ཙཱའི་བརྒྱུད་འཛིན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྔོག་བདུན་བརྒྱུད་ཀྱི་ཐ་མ་བྱང་ཆུབ་དཔལ་བའི་བཀའ་དྲིན་ལས་རྔོག་ལུགས་ཀྱི་རིམ་པ་གསན་པ་ལ། ཐོག་མར་དཔལ་ཀྱེ་[A:79]རྡོ་རྗེ་ཡབ་བཀའ་དང་ཡུམ་བཀའི་དབང་། གུར་རིགས་བསྡུས་ཀྱི་དབང་། དཔལ་གདན་བཞི་ཡབ་བཀའ་དང་ཡུམ་བཀའ་གཉིས་ཀྱི་དབང་། སྒྱུ་མ་ཆེན་མོའི་དབང་། འཇམ་དཔལ་གསང་ལྡན་གྱི་དབང་སྟེ་རྔོག་ལུགས་ཀྱི་དཀྱིལ་འཁོར་བདུན་དུ་གྲགས་པ་རྣམས་དང་། དེ་དག་གི་ཡིག་ཆའི་བཤད་ལུང་ཕལ་ཆེ་བ། གཞན་ཡང་ཚེ་དཔག་མེད་ལྷ་དགུའི་དབང་ཡང་གསན། Teachings form rNgog ston bSod nams don grub; A: pp. 79-80 བླ་མ་དེ་ཉིད་ཀྱི་གཅུང་རྔོག་སྟོན་བསོད་ནམས་དོན་གྲུབ་པ་ལས་བཤད་བཀའ་རྣམས་དང་། ཟབ་ཆོས་གསན་པའི་རིམ་པ་ལ། བརྟག་གཉིས་ཀྱི་འགྲེལ་པ་ཆོས་རྒྱལ་བའི་ཟིན་བྲིས་ཆེན་མོའི་སྟེང་ནས་ཐུགས་བཤད་ཚང་བར་གསན་པས་ཞེ་སྡང་རྡོ་རྗེའི་ས་བཅད་དང་། ཊཱི་ཀ་རིན་ཆེན་རྒྱན་འདྲ་ཡང་དེར་ཚང་བར་ཡོད་པས་ཐོབ་པར་བཞེད། རྡོ་རྗེ་གུར་གྱི་བཤད་པ་ལྷོ་པ་དཀར་སྟོན་ཆོས་ཀྱི་འོད་ཟེར་གྱིས་བྱས་པའི་ཟིན་བྲིས་ནག་པོ་འགྲོ་ཤེས་ཀྱི་སྟེང་ནས་ཐུགས་བཤད་ཚང་བར་གསན། གུར་གྱི་སྒྲུབ་ཐབས། གདན་བཞིའི་དཀྱིལ་ཆོག་ཨཱརྱ་དེ་བས་མཛད་པ། འཆི་བ་བསླུ་བ་ངག་དབང་གྲགས་པས་མཛད་པ་རྣམས་ཀྱི་ལུང་། སྒྱུ་མ་ཆེན་མོའི་རྒྱུད་ཀྱི་བཤད་པ་ཨ་སང་ཀཱིརྟིས་མཛད་པའི་སྟེང་ནས་བཤད་[A:80]པ། ཀུཀྐུ་རི་པའི་ཆོས་བདུན་ལས་དྲུག་གཞན་དུ་གསན་ནས། འདིར་གཏོར་མའི་ཆོ་གའི་ལུང་། མཚན་