R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 32b
[B:32b] པའི་དོན་ཡིན་གྱི། དེས་དཀྱིལ་འཁོར་གྱི་གོ་མི་ཆོད་ན། གཏོར་སྐྱོང་གི་དཀྱིལ་འཁོར་གྱིས་ཀྱང་གོ་ཆོད་པའི་ཤེས་བྱེད་མེད་ཅིང་དཔེ་དག་པ་ཀུན་ལ་མཆན་དེ་སྐད་མེད་པ་མང་བས་འདི་ཁོ་ན་ལྟར་བྱའོ། །ཞེས་པ་རྗེ་ཉིད་ཀྱིས་ཕྱག་བྲིས་ལ་བཏབ་ཅིང་། གཏོར་ཆོག་གི་ཐུགས་རྩོམ་ཞབས་ན་ཡང་དེ་ལྟར་རོ། ། ཡང་དབེན་གནས་ཡིད་བདེ་ཚལ་དུ་རེ་ཞིག་སྐུ་མཚམས་གནང་བའི་ཐོ་རངས་ཀྱི་དུས་ཤིག་ན། དཔལ་རྣལ་འབྱོར་དབང་ཕྱུག་བིར་ཝ་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་། སྤྲིན་བྲལ་ཉི་མའི་སྙིང་པོ་ལྟར་གཟི་འོད་རབ་ཏུ་འབར་བའི་ཞལ་མངོན་སུམ་དུ་གཟིགས། ལམ་འབྲས་བུ་དང་བཅས་པ་ལ་སོགས་པའི་དཀའ་བའི་གནད་འགའ་ཞིག་གི་རྗེས་སུ་གནང་བ་བསྩལ་བས་ཐུགས་བདེ་གསལ་མི་རྟོག་པའི་ངང་དུ་ཇི་ཞིག་གནས་པ་བྱུང་ཞིང་། དེ་དག་གི་སྐུའི་བཀོད་པ་ལོགས་ཤིག་ལ་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་བཏབ་པས་སྐུ་གཞན་ལས་མཚར་ཞིང་བརྗིད་ཆགས་པ་བྱུང་བ། ད་ལྟ་[A:101]ཡངདད་ལྡན་རྣམས་ཀྱི་ཕྱག་བགྱི་བའི་གནས་སུ་བཞུགས། ཡང་གནས་དེ་ཁའི་གོང་གི་རྫ་སྤྱིལ་དུ་ཞག་ཁ་ཤས་བཞུགས་པའི་ནུབ་གཅིག་ནང་མཆོད་ཀྱི་བདུད་རྩི་ཁོལ་ཞིང་ཆེར་འཕེལ་བ་དང་། དེའི་དྲི་བཟང་ཕུན་སུམ་ཚོགས་པས་གནས་དེའི་ཉེ་འཁོར་དང་། དེ་ལས་ཀྱང་འདས་པའི་མདའི་གྲོང་ཚོའི་མཐར་ཁྱབ་པ་སོགས་ཀྱི་ངོ་མཚར་དཔག་ཏུ་མེད་པ་བྱུང་། Vision while receiving Ni gu chos drug from Ras chen pa རྗེ་རས་ཆེན་དཔལ་འབྱོར་བཟང་པོ་ལ་ནི་གུ་ཆོས་དྲུག་གསན་པའི་དུས་མནལ་ལམ་གཟུང་ནས་ནུབ་བདེ་བ་ཅན་དུ་གཤེགས་པས། མགོན་པོ་སྣང་བ་མཐའ་ཡས་ཞལ་མངོན་སུམ་དུ་གྱུར་པ་ལ་གསུང་ཆོས་གསན་པ་དང་། དེ་ན་རིན་པོ་ཆེའི་ཁྲི་དར་ཟབ་ཀྱིས་བཀབ་པ་ཞིག་འདུག་ཅིང་སྣང་བ་མཐའ་ཡས་ཀྱི་ཞལ་ནས། "ཁྲི་འདི་ལ་ཁྱེད་ཉིད་འབྱོན་རྒྱུ་ཡིན"་ཞེས་པའི་ལུང་བསྟན་གསལ་པོ་བྱུང་བ་དང་། དེ་དུས་འཁོར་ལོ་བདེ་མཆོག་གི་འདས་གཏོར་དེ་ནུབ་ཁ་ཤས་ཁ་དོག་སྔོན་པོ་འབའ་ཞིག་ཏུ་གཟིགས་པས། གཏོར་ཚོན་གྱིསགྱི་ཁ་དོག་བསྒྱུར་བ་ཡིན་ནམ་དགོངས་པ་བྱུང་ཞིང་རྗེས་སུ་བདེ་མཆོག་ཉིད་དུ་