R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 34b
[B:34b]བསྲུབས་པའི་སྙིང་པོར་གང་གྱུར་པ། ། དངོས་གྲུབ་རོ་བརྒྱ་ལྡན་པའི་བཅུད་ཆེན་པོ། ། ལྷག་པའི་ལྷ་ཡི་ཞལ་ལས་མངོན་སུམ་བཞེས། ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་ལུང་གིས། ། གྲུབ་པའི་འཁོར་ལོས་སྒྱུར་བར་དབང་བསྐུར་ནས། ། མ་[A:107]ལུས་རྒྱུད་སྡེའི་གསང་མཛོད་ཀུན་འཛིན་པས། ། དབང་བཞིའི་དགའ་སྟོན་འགྱེད་ལ་ཐོགས་པ་མེད། ། དད་བརྩོན་བློ་ཡི་ནོར་ལྡན་སྐལབསྒྲལ་ཆེན་པོ། ། བླ་མེད་རྫོགས་པའི་བྱང་ཆུབ་ཆེན་པོའི་སར། ། ཚེ་འདི་ཉིད་དུ་བདེ་བླག་འགོད་པ་ལ། ། ཁྱབ་བདག་རྡོ་རྗེ་འཆང་དབང་མངོན་སུམ་གྱུར། ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སྐབས་ཏེ་དགུ་པའོ། ། ། །
CHAPTER 10: THE FOUNDATION AND INVENTORY OF GONG DKAR RDO RJE GDAN; A: pp. 107.9-151; B: ff. 34b3-46a4 src: The input of the following chapter is done on the basis of the published text (A); readings of the blockprint (B2) are indicated for the first section only །། བཅུ་པ་བསྟན་པ་སྤྱི་དང་ཁྱད་པར་གྱི་རྩ་ལག་ཏུ་གྱུར་པའི་མཛད་པ་བསྟན་པ་ནི། །ཀུན་དགའི་རིང་ལུགས་ཤིང་རྟ་ལ་བཅིབས་ཏེ་། །རྣམ་དག་བཤད་སྒྲུབ་ལམ་གྱི་སྲོལ་ཕྱེཕྱེས་ནས། །རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་མཛད་པ། དཔལ་ལྡན་མཁས་བཙུན་བཟང་པོ་རྒྱལ་གྱུར་ཅིག །ཐུབ་དབང་བསྟན་པ་ཐ་མར་གྱུར་པ་ན། །ལོག་སྨྲའི་ཆོས་སྤྱོད་ཆེས་ཆེར་འཕེལ་བའི་དུས། །དྲི་མེད་བསྟན་པ་ཕྱོགས་བཅུར་རྒྱས་ཕྱིར་དུ་། །བསྟན་པའི་སྲོག་ཤིང་ཆེན་པོ་འཛུགས་པར་མཛད། Motivation for founding the monastery །དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་ཐུབ་དབང་གཉིས་པ་དེ་། །སྔོན་གྱི་སྨོན་ལམ་དང་། །ལུང་བསྟན་གྱི་མཐུ་དང་། མཁྱེན་པ་དང་[A:108]བརྩེ་བའི་སྤྱན་ཡངས་པས། སྙིགས་མ་ལྔ་བདོ་བའི་དབང་གིས་བསྟན་པ་འཛིན་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་ཕལ་ཆེར་ནི་ཆོས་ཀྱི་དབྱིངས་སུ་ཞུགས། དམ་པ་རྣམས་ཀྱིས་བཏབ་ཅིང་བཤད་སྒྲུབ་ཀྱི་བཀའ་སྲོལ་ཡོད་པ་རྣམས་ཀྱང་རིམ་གྱིསདམིགས་ཀྱིསབགྲིབསབསྒྲིབས། ཅུང་ཞིག་དར་རྒྱས་དང་སྲོལ་ཡོད་པ་རྣམས་ཀྱང་ལོག་པར་སྤྱོད་པ་ཆེར་མང་བས། །སྐྱེས་བུ་སྐལ་ལྡན་དད་པའི་ནོར་ཅན་རྣམས་རྗེས་སུ་གཟུང་ནས། བསྟན་པའི་སྙིང་པོ་ལ་གཟུད་དེ་རིས་མེད་པའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། ལྷ་དང་བཅས་པའི་