[B:34a]ཡུལ་ལས་འདས་པའི་མི་འཛད་པ་ནམ་མཁའ་མཛོད་ལ་མངའ་བརྙེས་པས་གཏེར་སྒོ་ཕྱེ་བའི་ཚུལ་གྱིས། ཁྱད་པར་དཔལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་མཆོད་པའི་སྤྲིན་ཕུང་སོ་སོར། རྒྱུད་སྡེ་གོང་འོག་གི་དབང་གིསགིགི། ཆ་ལག་དང་བཅས་པ་རྣམས་རྒྱལ་བ་ལོངས་སྐུའི་ཞིང་ཁམས་དཔལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་བརྒྱན་པ་ལྟ་བུ། སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་འབད་པ་ཆུང་ངུས་རིང་པོ་མི་ཐོག་པར་གྲུབ་པ་ཉིད་དོ། །
དེའི་གནས་སྐབས་སུ་ཡང་ཁྱམས་ཆེན་ཀ་བ་དྲུག་ཅུ་རྩ་བཞི། གཙང་ཁང་སོགས་དང་བཅས་པ་རྣམས་མཚལ་ཁཀ་མཐིང་གདུང་གནང་བའི་དགོངས་པ་གཏད་པས། ལས་འཛིན་བཟོ་རིག་དང་བཅས་པ་རྣམས་བློར་མ་ཆུད་པར་གྱུར་པ་ན། ཡར་འབྲོག་གི་ཁང་ཉེར་མཚལ་ཁ་བརྡོལ་ཏེ་མངའ་རིས་རྒྱལ་མོ་ཞེས་པས་མཚལ་རྐྱལ་བུ་མང་པོ་ཕུལ་ཞིང་། ཆུ་བོ་རིར་མཐིང་སྤང་ཡང་གློ་བུར་བརྡོལ་བ་དང་། ཡང་ལོགས་བྲིས་ཀྱི་སྐབས་སུ་ཚོན་གཞན་ཕལ་ཆེར་རྫོགས། ལི་ཁྲི་འཛད་པར་གྱུར་པ་ཅུང་ཟད་སྙན་དུ་ལྷོན་པ་ན། དེ་ལྟ་བུའི་ངལ་བ་བྱེད་མི་[A:106]དགོས་ཇི་ཞིག་ན་འོང་ཞེས་བཀའ་བསྩལ། དེ་དང་ཉེ་བར་ཛོ་གི་མང་པོས་ལི་ཁྲི་བྲེས་བཅལ་ཆོག་པ་ཙམ་ཁྱེར་བྱུང་བ་སོགས་ཀྱིས་ཐམས་ཅད་ངོ་མཚར་ཞིང་། ལས་བྱེད་པ་རྣམས་ཀྱང་སྤྲོ་བར་གྱུར་ཏོ། །དེས་ན་སྲིད་ཞིའི་ཕུན་ཚོགས་གང་དང་གང་ཐུགས་ལ་བཞེད་པ་ཞིག་ཐུགས་ཀྱི་འདུན་པ་སྔོན་དུ་བཏང་ན་གང་ཡང་མི་འགྲུབ་མི་སྲིད་དེ། ནང་རླུང་སེམས་གཉིས་ལ་བརྟན་པ་ཐོབ། ཕྱི་སྣང་བ་ཡུལ་རྣམས་དབང་དུ་འདུས་པས་ནམ་མཁའ་མཛོད་ལ་མངའ་བརྙེས་པའོ།
།སྨྲས་པ།
ཐེག་པའི་ལམ་རིམ་སོ་སོར་བགྲོད་ཀྱང་འབྲས་བུ་གཅིག་ཏུ་མངོན་དུ་གྱུར། །
གཉིས་སུ་མེད་པའི་འཛིན་པ་སྤངས་ཀྱང་གཞན་སྣང་སྒྱུ་མའི་རོལ་རྩེད་ཙམ། །
འགྲོ་ལ་བུ་གཅིག་ལྟ་བུར་བརྩེ་ཡང་བསྟན་པའི་རུ་ཏྲ་མཐར་མཛད་པ། །
བརྐམ་ཆགས་འཆིང་བའི་མཚན་མ་གྲོལ་ཡང་འདོད་དགུའི་ལོངས་སྤྱོད་ཆར་བཞིན་འབབ། །
གསང་ཆེན་སྔགས་ཀྱི་ཐེག་ལམ་རྒྱ་མཚོ་ཡི། །
གཏིང་ཟབ་