R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 35b
[B:35b]པོས་རྙེད་བཀུར་གྱིསགྱི་ཡུན་དུ་མཆོད་པའི་རྟེན་འབྲེལ་དང་། སྤྱན་སྔར་ས་གཞི་ཁོད་སྙོམས་པ་ལ་དུས་དང་དུས་སུ་ལོ་ཐོགཏོག་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བས། དད་པ་དང་ཚུལ་ཁྲིམས་ཀྱིཀྱིས ་གཞིར་ཐོས་བསམ་སྒོམ་གསུམ་གྱི་བརྩོན་་མི་ལྷོད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱུང་བའི་རྟེན་འབྲེལ་དང་། འོག་གཞི་སྐམ་ས་ཆེ་བས་འཁོར་བའི་འདམ་རྫབ་མེད་ཅིང་ཐར་པའི་སྐམ་ས་དང་ལྡན་པའི་རྟེན་འབྲེལ་དང་། དཔལ་སྡིངས་ཀྱི་མིང་གི་སྒྲ་བརྗོད་ལས་ཀྱང་མདོ་སྔགས་ཀྱི་དཔལ་ལ་སྤྱོད་པ་སོགས་ཀྱི་རྟེན་འབྲེལ་མ་ལུས་པར་ཚང་བར་མཁྱེན་ཏེ། སའི་ཆ་འདི་ཉིད་དུ་གནང་བ་ལ་དགོངས་པ་གཏད་པ་ནི་ཐུགས་ཀྱི་དཀྱེལ་ཆེ་བས་དངོས་སུ་བཀའ་གསལ་བར་མི་སྩལབསྩལ་ཡང་། ཡི་དམ་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པར་ནི་ངེས་པ་ཉིད་དོ། ། དེས་ན་དགུང་ལོ་སུམ་བཅུཅུ་རྩ་གསུམ་པ་ཉི་སྒོལ་ཅེས་བྱ་བ་ཤིང་ཕོ་སྤྲེའུའི་ལོ་ལ་ས་འདིར་[A:111]ཐོག་མརདཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་ནས་གསུངས་པའི་སའི་ཆོ་ག་ཤིན་ཏུ་རྒྱས་པར་མ་ཚང་བ་མེད་པ་དང་། ཉི་མ་གཉིས་པ་ལ་སྔོནབསམ་ཡས་བཞེངས་དུས་ལྷ་འདྲེའི་གདུག་རྩུབ་ཆེ་བས་བཞེངས་སུ་མ་སྟེར་བ་ལ་དམ་ཅན་སྤྱི་འཆམའཆམ་སོགས་མཛད་པས། གདུག་རྩུབ་ཞི་སྟེ་ཇི་ལྟར་བཞེད་པ་བཞིན་གྲུབ་པ་ལྟར། འདིར་ཡང་ལྟ་བ་ཆོས་ཉིད་ཟབ་མོའི་དོན་རྟོགས་ཤིང་ཡི་དམ་ལྷའི་ཏིང་ངེ་འཛིན་ལས་སུ་རུང་བའི་སྔགས་འཆང་གིས། ཕྲིན་ལས་བཞིའི་ཁ་བསྐོང་ཞིང་། དཀྱིལ་འཁོར་དང་གཙུག་ལག་ཁང་གི་སའི་ཆོ་གའི་སྐབས་སུ། བསྐྱེད་རིམ་ཕྱག་རྒྱའི་འཆམསའཆམ་མཛད་པས་བར་ཆད་མི་འབྱུང་ཞིང་ས་ཕྱོགས་བྱིན་རླབས་ཆེ་བ་དང་བཀྲ་ཤིས་པ་ལ་དགོངས་ཏེ་ཡི་དམ་རྡོ་རྗེ་ཕུར་པའི་སྒོ་ནས་ས་ཆོ་གསའི་ཆོ་ག་རྒྱས་པར་མཛད། ཉི་མ་གསུམ་པ་ལ་ཞི་རྒྱས་ཀྱི་སྒོ་ནས་སྦྱིན་སྲེག་བརྒྱ་ཚར་རེ་གནང་བ་སོགས་ཀྱིས་སའི་ཕྱོགས་མཐའ་དག་ཉེར་འཚེའི་ཟུག་རྔུ་མེད་ཅིང་བདེ་ལེགས་ཀྱིས་ཁྱབ་པར་མཛད་པ་དང་། བརྟག་པ་བཞི་པ་ས་བདག་ལྟོ་འཕྱེའི་པྲ་བརྟག་པའི་སྒོ་ནས་ལྟོ་འཕྱེའི་མཆན་ཁུང་ནས་ས་རྐོ་བ་སོགས་བཤད་ཚོར་ཇི་ལྟ་བ་བཞིན་དུ་ཚུལ་དང་མཐུན་པར་མཛད་དེ་དཔལ་རྡོ་རྗེ་[A:112]གདན་མི་འགྱུར་བདེ་བ་ཆེན་པོའི་གཙུག་ལག་ཁང་བསྟན་པའི་གཞི་མ་འདིངས་པར་མཛད་པ་ཡིན་ནོ། ། ལོ་འདི་ལ་རྨེ་བ་གཉིས་ནག་དབུས་ན་ཡོདཡོངsrc: text might read ཡོང་ hereབ་ལ་མཁས་རྨོངས་ཕལ་མོ་ཆེས་ནག་