[B:36a]པོ་ཆེན་པོའི་འཁུ་ལྡོག་ཡོདའོངsrc: text might read ཡོང་ here་། "བླ་མ་ཞང་ལྟ་བུས་ཀྱང་ལྕགས་མོ་ཕག་གི་ལོ་རྨེ་བ་གཉིས་ནག་ཡོད་དུས། ད་ལོ་ནག་པོ་ཆེན་པོ་ཡོད་ན་ང་དཀར་པོ་ཆེན་པོ་བརྩིག?བརྩིས་པ་ཡིན"་གསུངསགསུངས། གུང་ཐང་འབུམ་མོ་ཆེ་བརྩིགས་པས་བར་ཆད་ཀྱི་དབང་དུ་སོང་ཞེས་ཀུན་གླེང་བར་བྱེད་པ་ཡོད་ནའང་། མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་འདི་ནི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བྲན་དུ་འཁོལ་བས་བར་ཆད་ཀྱིསཀྱི་མི་བརྫི་བ་ཡིན་ཞིང་། དེ་ཡང་ཕྱི་རོལ་གྱི་སྣང་ངོར་མིའི་འགྲོ་བ་པའི་བཟོ་རིག་དང་། ལས་བྱེད་པ་རྣམས་ཀྱི་བརྩོན་འགྲུས་ཀྱི་འཇུགའདུན་པས་བསྒྲུབས་པ་ལྟར་སྣང་མོད། དོན་དུ་སྔོན་ར་ས་འཕྲུལ་སྣང་དང་། བསམ་ཡས་བཞེངས་དུས་ཀྱི་སྔོན་བྱུང་ལྟར། དཀོན་མཆོག་གི་བྱིན་རླབས་ཀྱི་མཐུ་དཔལ་དང་། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་ཕྲིན་ལས་བསྒྲུབས་པར་གདོན་མི་ཟ་སྟེ། ལོ་སྐོར་གཅིག་ཙམ་གྱི་བར་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་མ་ལུས་ཤིང་ལུས་པ་མེད་པར་བར་ཆད་ཀྱི་མཚན་[A:113]མ་ཙམ་ཡང་མེད་པར་ཡོངས་སུ་གྲུབ་པར་མཛད་ལ། དེ་ཡང་དབྱར་དགུན་གྱི་བྱེ་བྲག་གིས་ལས་བྱེད་པ་ཁོ་ནའི་ཡུན་ནི་དེའི་ཡང་ཕྱེད་ཙམ་དུ་གྱུར་པས། དེས་ན་ད་ལྟའི་དུས་སུ་ནི་གྲུབ་པའི་འབྲས་བུ་ཕྲ་མོ་ཙམ་ལའང་རྒྱུ་ཚོགསཚེགས། འབད་རྩོལ། ཡུན་ཇི་ཙམ་འགོར་སོགས་ལ་དཔགསདཔག་ན་སྤྲུལ་བའི་མཛད་པ་ཁོ་ན་མ་གཏོགས། ཚུར་མཐོང་གི་བློའི་གཞལ་བྱར་ཅི་འགྱུར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟོགས་པ་ཉིད་དོ། །
DESCRIPTION OF THE MONASTERY; A: pp. 113.7-148.6; B: ff. 36a5-45a7
དེ་ལྟར་ཕན་བདེ་མ་ལུས་པའི་འབྱུང་གནས་དང་། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གཞི་མར་གྱུར་པ་རྒྱལ་བའི་གཙུག་ལག་ཁང་གི་བཀོད་པའི་རིམ་པ་ནི། ཀ་ཆེན་བརྒྱ་དང་སུམ་ཅུའི་ས་ལ།
གཙོ་བོར་དྲི་གཙང་ཁང་ཀ་ཆེན་བཞི། ཤིང་བརྩེགས་བཅུ་གསུམ་བརྩེགས། གནམ་རྒྱན་སོགས་དང་བཅས་པ་ལ་ཚོན་རྩིས་རྣམ་པར་བཀྲ་བ་ཐོག་དངངས་རྒྱུག་མཐོ་བཞི་བཅུ་རྩ་ལྔ་པས་ཕུག་བསྐོར་ཁང་དང་བཅས་པའི་གུད་ན། སེང་གེ་ཆེན་པོ་བརྒྱད་ཀྱི་བཏེག་པའི་ཁྲི་རྒྱན་སྣ་དྲུག་གིས་མཛེས་པར་བྱས་པ་ལ། བསྟན་པའི་གཙོ་བོ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་མཚན་དང་དཔེ་བྱད་ཀྱི་སྤྲས་པ། ལྟ་བས་ཆོག་མི་ཤེས་པ་ཛམྦུ་ཆུ་བོའི་གསེར་ལན་བརྒྱར་བྱུགས་པ་ལྟ་[A:114]བུའི་འོད་ཟེར་ཀུན་ནས་འཕྲོ་བ་ལ། གོ་ལིང་