R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 45a
[B:45a]འཕགས་པ་རིན་པོ་ཆེའི་ཐུགས་དམ་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་མ་པྲ་བཏགས་ལས་གྲུབ་པ་དང་། ཆོས་སྐྱོང་གུར་གྱི་མགོན་པོའི་སྐུ་དིང་བོན་ཐགས་ལས་གྲུབ་པའི་ངོ་མཚར་བ་གཉིས་དང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཐུགས་དམ་ཆོས་སྐྱོང་གུར་གྱི་མགོན་པོའི་སྐུ་བལ་རིས་ལས་གྲུབ་པ་རྣམས་སྐུ་ཚད་ཁྱམས་སྟོད་ཀྱི་ཐོག་ཚད་དང་མཉམ་པ། གསར་བཞེངས་ཀྱི་གུར་མགོན་གྱི་གོས་ཐང་སྐུ་ཚད་དེ་གསུམ་[A:147]དང་མཉམ་པ། འཕྱར་སྐུ་ཆེ་ཆུང་ཉི་ཤུ་རྩ་བརྒྱད། གསུང་རབ་རྒྱུད་ཀྱི་གཞུང་གཙོ་ཆེ་བརྗེ་བཙུན་ས་སྐྱ་པ་རྣམས་ཀྱི་གསུང་འབུམ་མ་ལུས་པ་དང་། རྗེ་བཙུན་བྲག་ཐོག་པ་དང་། རྗེ་ཉིད་ཀྱི་གསུང་རབ་གཙོ་ཆེ་བ་སོགས། ཆོས་ཚུལ་རྒྱུན་མི་ཆད་པའི་སླད་དུ་པར་དུ་བསྒྲུབས་པ་དང་། ཐར་པ་ཆེན་པོའི་གཞལ་མེད་ཁང་འདིར་འཇུག་པའི་ཐེམ་སྐས་ཀྱི་གཡས་གཡོན་གྱི་རྩེར། གཞན་ལས་རྨད་དུ་བྱུང་བའི་བསྟན་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ནའོ། ། ཞེས་མཚོན་པར་བྱེད་པའི་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ཀྱི་མཚན་ཡང་དག་པའི་ཁང་བུ་ཏོག་དང་བཅས་པ་རེ། ཕྱིའི་ཁོར་ཡུག་ཉམས་བདེ་བ་ལ་ཡང་། བླ་མ་རྣམས་ཀྱི་མཚན་འབུམ་སོགས་རྡོ་བརྐོས་ཀྱི་བཀོད་པ་ཚར་དུ་དངར་བ་དང་། མགོན་ཁང་ཆེན་མོའི་ཕྱི་ངོས་ན་ཆོས་སྐྱོང་གི་རྟེན་རྔ་ཐུག་ཆེས་མཐོ་བ་གསུམ་གྱི་རྟེན། གཙུག་ལག་ཁང་གི་མདུན་ཟུར་གཡས་གཡོན་ཆོས་ཀྱི་སྐུའི་རྟེན་རྡོ་རྗེ་གདན་དུ་བདུད་བཏུལ་བའི་ཚེ་བརྩིགས་པ་མངོན་པར་བྱང་ཆུབ་པའི་མཆོད་རྟེན་དང་། ཝཱ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བརྩིགས་པ་བཀྲ་ཤིས་སྒོ་མང་སམ་ཡེ་ཤེས་མཆོད་རྟེན་གཉིས་ཚད་ ལྡན་ཞིང་བརྗིད་ཆགས་[A:148]པས་དད་པ་འདྲེན་པའི་རྟེན་དུ་བཞུགས་སོ། ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་གཞན་ལས་བཀོད་པས་ཁྱད་པར་དུ་འཕགས་པ། ཕུན་སུམ་ཚོགས་པའི་དགེ་འདུན་གྱི་སྡེ། མདོ་སྔགས་ཀྱི་བཤད་སྒྲུབ་ཀྱི་བསྟན་པའི་རྒྱལ་མཚན་ཚངས་པའི་འཇིག་རྟེན་གྱི་བར་བསྒྲེངས་བ་འདི་ཉིད་ཡིན་ནོ། །
OUTLINE OF THE MONASTERY'S RELOGIOUS PRACTICES; A: pp. 148.6-149.10; B: ff. 45a7-45b4 སླད་ནས་ཀྱང་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་མི་ནུབ་ཅིང་ཇི་སྲིད་ཀྱི་བར་དུ་གནས་པའི་ཕྱིར། མདོ་སྔགས་ཀྱི་བཤད་ཉན་དང་། རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་ཉམས་ལེན་གྱི་རིམ་པ། ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་རྡོ་རྗེ་གུར་རིགས་བསྡུས་པ་ལ་སོགས་པ་བླ་མེད་པའི་རྒྱུད་སྡེ་གོང་འོག་གི་