R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 5a
[B:5a]པའི་སྐྱེདསྐྱེས་མོས་ཚལ་དུ་པདྨའི་སྡོང་པོ་གང་བུ་ལྔ་ཡོད་པ། དབུས་སྔོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ཁ་ཕྱེ་བ་ན་ཁྱེའུ་ཁ་དོག་པདྨ་དང་མཐུན་པ་ལྔ་འཁྲུངས། དེ་ནི་ཐོད་ཕྲེང་རྩལ་རིགས་ལྔ་ཡིན་ཞིང་། དེ་དག་གིས་སངས་རྒྱས་ཀྱི་སྔགས་ཀྱི་བསྟན་པ་གར་ཁྱབ་ཏུ་སྐུའི་སྤྲུལ་པས་ཁྱབ་ཅིང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་གྱིས་གསང་སྔགས་ཀྱི་བསྟན་པ་འཛིན་པར་ཞལ་གྱིས་བཞེས་ཤིང་དམ་བཅས་པས་ན་རྗེ་འདི་ཉིདགུ་རུ་ཐོད་ཕྲེང་རྩལ་གྱི་སྤྲུལ་པ་ཡིན་པར་ངེས་ཏེ། ཐུབ་པའི་བསྟན་པ་འཇིག་ཏུ་ཉེ་བའི་དུས་འདིར། སྤྱིར་མདོ་སྔགས་ཀྱི་བསྟན་པ། ཁྱད་པར་སྔགས་ཀྱི་བསྟན་པ་རྣམ་པར་དག་པ་འཛིན་སྐྱོང་སྤེལ་བར་མཛད་པ་པོ་མགོན་པོ་འདི་བས་ལྷག་པ་སུའང་མ་བྱུང་བས་སོ། ། Birth as sNa nam rdo rje bdud 'joms སྔོན་འཕགས་ཡུལ་དུ་[A:11]རིག་འཛིན་ཤྲཱི་སིངྷ་ཞེས་པར་སྤྲུལ་ཏེ། དེ་ཉིད་བོད་འདིར་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་སུ་སྐུ་སྐྱེ་བ་བཞེས་པར་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་ཐར་ལས་གསལ་ཞིང་། དེ་ཉིདཞིང་འདིར་རྗེ་འདི་ཉིད་དུ་འགྱུར་བར་ཨུ་རྒྱན་རིན་པོ་ཆེས། ད་ལྟའི་དུས་ཀྱི་རྡོ་རྗེ་བདུད་འཇོམས་ནི། ། མ་འོངས་ཚེ་ལོ་ལྔ་བཅུ་ཁ་རལ་དུས། ། དབུས་གཙང་མཚམས་སུ་སྡེ་དཔོན་ཚུལ་བཟུང་ནས། ། ཀུན་དགའི་མིང་ཅན་རྡོ་རྗེ་འཛིན་པར་འགྱུར། ། not located ཞེས་ལུང་བསྟན་ཞིང་། དེ་ཉིད་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཏུ་ངེས་པ་ལས་དེ་དང་མཐུན་པར་འདྲེན་པ་འདིས་ཕུར་པའི་གྲུབ་རྟགས་དངོས་སུ་བཞག་ཅིང་། དེའི་ཕྱག་ལེན་དབུསགཙངཁམས་སོགས་སུ་དར་ཞིང་རྒྱས་པར་མཛད་པས་སོ། ། Birth as gNam kha'u pa, Mus pa rNam rgyal bzang po ཡང་བར་སྐབས་སུབླ་མ་གནམ་ཁའུ་པའི་སྐུའི་སྤྲུལ་པར་ཡང་གྲགས་ཏེ། སྡོམ་བརྩོན་རྡོ་རྗེ་འཛིན་པ་ཆེན་པོ་མུས་པ་རྣམ་རྒྱལ་བཟང་པོ་ཞེས་བྱ་བ། སྔར་ནས་ཡི་དམ་ཆོས་སྐྱོང་ལ་བསྙེན་སྒྲུབ་ཚད་དུ་འཁྱོལ་