[B:47b]བཞག་པ་རྣམས་ལས་རྟོགས་པར་འགྱུར་རོ། །
COMPOSITION: pp. 156.3-165.11; B: ff. 47b1-50a3
རྩོམ་པ་ལེགས་བཤད་ནོར་བུའི་ཕྲེང་བས་ཐུབ་བསྟན་གསལ་བར་མཛད་ཚུལ་ནི།
དང་པོར་སྒྲ་དང་། ཚད་མ་དང་། སྙན་ངག་དང་། མིང་གི་མངོན་བརྗོད་དང་། ཚིག་གི་རྒྱན་དང་། སྡེབ་སྦྱོར་སོགས་ཐ་སྙད་ཀྱི་གཙུག་ལག་རིག་པའི་གནས་མཐའ་དག་ལ་ལེགས་པར་སྦྱངས་ཤིང་མཁས་པ་ཕུལ་དུ་ཕྱིན་པ་དང་། བར་དུ་གསུང་རབ་ཐམས་ཅད་གདམས་པར་ཤར་བས་བརྗོད་བྱའི་དོན་རྣམས་མ་འདྲེས་པར་འབྱེད་ནུས་པས་རྩོམ་པ་པོ་ཚད་ལྡན་གྱི་མཚན་ཉིད་ལ་དབང་འབྱོར་ཡང་། མདོ་སྔགས་ཀྱི་རྒྱལ་བའི་གསུང་རབ་མཐའ་དག་ཅིངལ་དེའི་དགོངས་པ་འགྲེལ་བྱེད་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མང་དུ་མཛད་ཅིང་། དེ་དག་གི་ཡང་སླར་གསལ་བྱེད་ཀྱི་གསུང་རབ་མཁས་པ་ཕྱི་མ་རྣམས་ཀྱིས་མཛད་པ་སོགས་བགྲང་བ་ལས་འདས་པས། བློ་གྲོས་དང་ལྡན་པ་དོན་དུ་གཉེར་བ་རྣམས་ཀྱི་ཐོས་བསམ་གྱི་སྒོ་ནིནན་མི་འགགས་པར་སྣང་མོད། དེ་ལྟར་དོན་དུ་མི་གཉེར་ན་ནི་ལལེ་ལ་དག་གིས་སློབ་དཔོན་སྔ་མ་རྣམས་ཀྱིས་མཛད་དུ་ཟིན་ཡང་དེ་དག་ལ་ཅུང་[A:157]ཟད་དབྲི་བསྣན་དང་། ཟུར་བཅོས་གོང་འོག་བསྒྱུར་བ་ཙམ་ལ་རྩོམ་པའི་མིང་བཏགས་པའི་ཚོགས་པ་གང་ཆེ་མཛད་པ་རྣམས་ལ་ནི་རྗེས་སུ་འཇུག་པའི་གྲུབ་མཐའ་འཛིན་པ་ལྟ་ཞོག། ལན་ཅིག་ངག་གི་ལམ་དུ་བྱེད་པ་ཙམ་ཡང་མ་མཆིས་ན། རང་ཉིད་ངལ་ཞིང་གཞན་ལ་ཕན་པ་ཆུང་བའི་ཕྱིར་འབད་པ་དོན་མེད་དུ་གྱུར་བསཔས་བཏང་སྙོམས་སུ་མཛད་ནས། དམ་པ་འདི་ཉིད་ཀྱིས་ནི་བསྟན་པའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ཆ་ལག་དང་བཅས་པ་ལ་འཕེལ་རྒྱསརྒྱུས་གཙོབཙོ་བོར་ཕྱག་བཞེས་སུ་བཏབ་ཅིང་། དེ་དག་གི་སྐབས་སུ་གྲུབ་མཐའ་ངན་པ་སུན་འབྱིན་པ་དང་། གྲུབ་པའི་མཐའ་རྣམ་པར་དག་པ་སྐྱངབསྐྱང་ཚུལ་དང་། གང་ལ་གང་འཚམ་པའི་གསལ་བྱེད་ཀྱི་གསུང་རབ་གལ་ཆེ་ཞིང་མེད་དུ་མི་རུང་བ་བཞག་པའི་ཚུལ་ནི།
A LIST OF KUN DGA' RNAM RGYAL'S WRITINGS: pp. 157.13-165.6; B: ff. 47b6-50a2
ཐོག་མར་ཆོས་རྗེ་བྲག་ཐོག་པའི་ཞབས་ལ་བསྟོད་པ་འདོད་དགུའི་ཆར་འབེབས་ཤེསཞེས་བྱ་བ་དང་། ཡང་དེ་ཉིད་ལ་བསྟོད་པ་དངོས་གྲུབ་ཀྱི་ཆར་འབེབས་ཤེསཞེས་བྱ་བ། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ་ལ་བསྟོད་པ་བྱིན་རླབས་ཀྱི་སྙེ་མ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་ལ་བརྟེན་ནས། དེ་ཉིད་ལ་བསྟོད་